མཐོ་སྒང་མི་སེར་གྱིས་སྤུས་བཟང་ཤིང་ཏོག་དང་སྔོ་ཚལ་ལོངས་སུ་སྤྱོད།

དབྱངས་ཅན་གྱིས་བསྒྱུར།        2019-04-22

མཐོ་སྒང་མི་སེར་གྱིས་སྤུས་བཟང་ཤིང་ཏོག་དང་སྔོ་ཚལ་ལོངས་སུ་སྤྱོད།

    ཉེ་ཆར་དགེ་རྒན་གྱི་སྣེ་ཁྲིད་འོག འབའ་ཐང་རྫོང་བྱ་ཁྱུང་གྲོང་ཁུལ་གྱི་བྱིས་པ་ཁང་གི་འཛིན་གྲྭ་ཆུང་ཁག་གི་ཚེ་རིང་ནོར་བུ་གྲོགས་པོ་ཆུང་ཆུང6དང་མཉམ་དུ་འབའ་ཐང་རྫོང་མཐོ་སྒང་གི་སྔོ་ཚལ་སོ་མའི་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་སྤྱི་གཉེར་ཁང་གི་སྔོ་ཚལ་རྟེན་གཞིར་སླེབས་སྐབས། སྤྱིལ་ཁང་ནང་སྐྱེ་ཚུལ་བཟང་བའི་ལྡུམ་སྒོང་དང་སེར་ཀྭ་མཐོང་སྐབས། སེམས་པ་རབ་ཏུ་དགའ་ནས་ཤིང་ཏོག་གི་རོ་བཅུད་མྱོང་ཞོར་རྒན་ལགས་འདི་ནའི་ལྡུམ་སྒོང་འདི་དངོས་གནས་བྲོ་བ་ཞིམ་པོ་འདུག་ཅེས་བཤད།

    སྔ་ནས་བཟུང་ང་ཚོའི་བྱིས་པ་ཁང་གིས་ཐོག་མཐའ་བར་གསུམ་དུ་བྱིས་པའི་བཟའ་བཅའ་ཉེན་མེད་དེ་ཨང་དང་པོར་བཞག་ནས། མཐོ་སྒང་གི་སྔོ་ཚལ་སོ་མའི་རྟེན་གཞི་དང་འབྲེལ་འདྲིས་ཐེངས་མང་བྱས་རྗེས། དེ་རིང་ང་རང་གིས་དགེ་རྒན3དང་སློབ་མ7ཁྲིད་ནས་ཡུལ་དངོས་སུ་ལྟ་ཞིབ་བྱེད་སར་འོངས་ནས་སྔོ་ཚལ་གསར་པ་ཡིན་མིན་དང་སྤུས་ཀ་ཚད་མཐུན་ཡིན་མིན་ལ་ལྟ་ཞིབ་བྱས་པ་ཡིན་ཞེས་གྲོགས་པོ་ཆུང་ཆུང་ཚོར་ལྡུམ་སྒོང་འཁྲུད་རོགས་བྱེད་བཞིན་པའི་བྱིས་པ་ཁང་གི་འགོ་གཙོ་ཀྲོའུ་ཡན་གྱིས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

    ཀྲོའུ་ཡན་གྱིས་ཕྲུ་གུ་ཚོས་དེ་འདྲའི་སྤྲོ་སྐྱིད་ལྡན་པའི་ངང་ནས་ཤིང་ཏོག་གི་རོ་བཅུད་མྱོང་བཞིན་འདུག་པས་ང་རང་གིས་ད་དུང་མཉམ་ལས་མི་བྱ་རྒྱུ་ག་ན་ཡོད་ལེ་རེད། སྤུས་ཀ་འདི་འདྲ་ཡག་པོའི་མཐོ་སྒང་གི་སྔོ་ཚལ་ཐོན་རྫས་སོ་མ་ང་ཚོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

    ཡུལ་དངོས་སུ་རྟོག་ཞིབ་བྱས་པར་བརྒྱུད། འབའ་ཐང་རྫོང་བྱ་ཁྱུང་གྲོང་ཁུལ་གྱི་བྱིས་པ་ཁང་གིས་དེ་མ་ཐག་འབའ་ཐང་རྫོང་མཐོ་སྒང་གི་སྔོ་ཚལ་སོ་མའི་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་དང་ཉོ་ཐོ་བཀོད་ནས། སྤྱི་གཉེར་ཁང་དེས་བྱིས་པ་ཁང་ལ་ཉིན་རེར་ལྷད་མེད་སྔོ་ཚལ་འདོན་སྤྲོད་བྱ་རྒྱུའི་ཆིངས་ཡིག་བཞག་པ་རེད།

    2018ལོའི་སྤྱི་ཟླ4པར། ཧྲང་ལིའུ་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལས་སྒྲུབ་རུ་ཁག་གིས་འབྲེལ་འདྲིས་བྱས་པར་བརྒྱུད། འབའ་ཐང་རྫོང་མཐོ་སྒང་གི་སྔོ་ཚལ་སོ་མའི་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་འབའ་ཐང་དུ་བཅའ་སྡོད་བྱས། མིག་སྔར་དགུན་ཁའི་དྲོད་བསྡུ་སྤྱིལ་ཁང་ཆེན་པོ40བསྐྲུན་ཚར་བ་དང་། ཉི་འོད་དྲོད་ཁང་ཆེན་པོ10རིག་ནུས་དྲོད་ཁང1བཅས་བསྐྲུན་ཚར་བ་རེད། སྨི་གྲུ་བཞི་མ1000ཅན་གྱི་འཁྱག་ཉར་དང་གསོག་ཉར་མཛོད་ཁང་འཛུགས་སྐྲུན་བྱས་པ་དང་འཁྱག་ཉར་སྐྱེལ་འདྲེན་རླངས་འཁོར3བཅས་ཆ་ཚང་སྒྲིག་བཀོད་བྱས་ཡོད་པ་རེད། ལྡུམ་ཁུལ་དུ་འདེབས་འཛུགས་བྱས་པའི་སེར་པན་དང་། ཀྲོ་མ་ཀྲུ། ཤིང་ཏོག་སེར་ཀྭ། ཞི་ཧུའུ་ལུའུ་སོགས་ཚལ་རིགས30ལྷག་སྔོན་རྗེས་སུ་འབོར་གྲངས་ལྟར་ཚོང་རར་འདོན་སྤྲོད་བྱས་པ་རེད།

    མིག་སྔར་རྟེན་གཞི་ནས་ཉིན་རེར་སྔོ་ཚལ་ཐོན་ཚད་རྒྱ་མ3500དང་ལོ་རེར་སྔོ་ཚལ་ཐོན་ཚད་ཏུན1300ཡས་མས་ལ་ཟིན་ནས། འབའ་ཐང་རྫོང་གི་སློབ་གྲྭ13ལ་ཐད་ཀར་འདོན་སྤྲོད་བྱ་རྒྱུའི་མངག་ཐོ་ཁག་བགོས་ནས་སྣོན་འཇོག་བྱས་པར་མ་ཟད། ད་དུང་འབའ་ཐང་རྫོང་གི་ཞིང་ལས་ཉོ་ཚོང་ཚོང་རར་སྔོ་ཚལ་ཆེད་གཉེར་ཚོང་ར་བཙུགས་ནས། ཉིན་རེར་མང་ཚོགས་ལ་སྔོ་ཚལ་སོ་མ་འདོན་སྤྲོད་བྱས་ནས་སྔོ་ཚལ་རྒྱ་མ་རེའི་རིན་གོང་ཆ་སྙོམས་ཚོང་རའི་རིན་གོང་ལས་སྒོར1ནས2བར་དམའ་བ་རེད། ཉིན་རེར་འབའ་ཐང་མང་ཚོགས་ཀྱི་འཚོ་བའི་འགྲོ་གྲོན་སྒོར5000ཡན་ལ་གྲོན་ཆུང་གཏོང་བཞིན་པ་དང་། ཉིན་རེར་བྲིན་འཚོང་བྱས་ཚད་སྒོར་ཁྲི2ལྟར་བརྩིས་ན་རྟེན་གཞིར་ལོ་རེར་ཡོང་འབབ་སྒོར་ཁྲི700རགས་རྒྱུ་རེད་ཅེས་མཐོ་སྒང་གི་སྔོ་ཚལ་སོ་མའི་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་མེང་ཧྥན་ཆང་གིས་དེ་ལྟར་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་འཕགས་སྨི3000ལྷག་ཡོད་པའི་གསུམ་མདོ་ཡུལ་ཚོ་གསུམ་མདོ་གྲོང་སྡེའི་མཐོ་སྒང་གི་སྔོ་ཚལ་རྟེན་གཞིར་ཉི་འོད་འདང་ངེས་དང་ཉིན་མཚན་བར་གྱི་དྲོད་གྲང་ཧེ་བག་དང་ས་རྒྱུ་བཟང་པོ་ཡིན་པའི་རྐྱེན་གྱི་ཤིང་ཏོག་དང་སྔོ་ཚལ་གྱི་རོ་བཅུད་དེ་བས་ལྡན་པ་རེད། རྟེན་གཞིའི་རང་བྱུང་གི་ཆ་རྐྱེན་བཟང་པོ་བེད་སྤྱོད་གང་ལེགས་གཏོང་ཆེད། ས་གནས་རང་ཉིད་ཀྱི་ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་བྱེད་པ་དང་ཆབས་ཅིག ང་ཚོས་ད་དུང་པེ་ཅིན་ཀྲུང་གོ་སྔོ་ལྗང་ཞིང་ལས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དང་མཉམ་འབྲེལ་བྱས་ཤིང་། ཀྲོང་གོ་མཁའ་སྐྱོད་ལས་གྲྭས་གསོ་སྤེལ་བྱས་པའི་སྤུས་ལེགས་སོན་སྣ་ལེགས་འདེམས་དང་ནང་འདྲེན་བྱས་ཏེ་ཚོད་ལྟ་འདེབས་འཛུགས་བྱས་པ་རེད།

    ཤེས་རྟོག་བྱུང་བར་གཞིགས་ན། འབའ་ཐང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ཡལ་གྱ་ཡིན་པའི་མཐོ་སྒང་ཤིང་ཏོག་དང་སྔོ་ཚལ་སོ་མ་དེ་ཉེ་ཆར་ད་དུང་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་གྱི་ཆིངས་ཡིག་འཇོག་པའི་ཡོངས་བསྒྲགས་གྲོས་ཚོགས་སུ་ཞུགས་ནས། ཚོང་ཟོག་མངག་ཐོ་ལྟར་ཐོན་སྐྱེད་བྱེད་པའི་ཐབས་ཤེས་སྤྱད་ནས་ཐད་ཀར་ཀྲུང་གོ་མཁའ་འགྲུལ་སྤྱི་གཉེར་ཁང་གི་ལས་བཟོའི་ཁྱིམ་དུ་ཐད་ཀར་མཁོ་འདོན་བྱས་ཏེ། སྔར་ལས་ལྷག་པར་ནང་ལོགས་ས་ཁུལ་གྱི་རྩེ་གྲའི་ཚང་རར་རྒྱ་སྐྱེད་བཏང་བ་རེད།།

  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་ཐེབས་རྩ་གཡོ་ལེན་ལ་རྡུང་རྡེག་བཏང་ནས་ཐེབས་རྩ་ཉེན་མེད་ཡོང་བའི་སྐོར་གྱི་གྲོས་འདོན་ཡི་གེ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཡུལ་གྲོང་ཤིན་ཏུ་དབུལ་ཕོངས་གཅིག་བསྡུས་འགག་སྒྲོལ་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པའི་ཡུལ་དངོས་སྐུལ་འདེད་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།