གསོལ་འདེབས། ཞར་བཀོད་གཅིག

        2019-04-19

ཉི་ནུབ་ཀྱི་མཚམས་ནས་རྟ་ཁྱུ་གཤར་རྗེས

དུས་ཚོད་ནང་དུ་རླུང་ཆེན་པོ་གཡུག

ལམ་ལ་ཆས་དུས་གཏམ་རྒྱུད་ཅིག་ཤེས་བྱུང

རྡུལ་གྱི་ཕྱེ་མས་སྐྱོ་བ་བྲལ

འུ་ཅག་ནི རི་དྭགས་ལྟར་གནས་གཅིག་ལ་འཛོམས་དཀའ

བརྩེ་བའི་གཏིང་ལ་བསྡད་དེ་གསོལ་བ་འདེབས

ས་ལ་འཐོར་བའི་མིག་ཆུ་དེའི་རྗེས་སུ་ལོ་ཟླ་ཡོད

ད་ནི་ང་ཡོད་སར་ཨ་མ་བགྲེས་མོའི་མ་ཎིའི་དབྱངས་རྟ་སླེབ་བྱུང


                      ༢༠༡༨.༡༢.༡༨


ཡིད་བརྙན་ལ་དགའ་བའི་བུ་མོ།སྐྲ་རྩེའི་ནང་ལ་ཁ་བ་བབས

ས་ཆ་ནི་འགྲེམ་སྟོན་ཁང་ཞིག་ཏུ་གྱུར་རྗེས

དཔེ་ཁང་ཞིག་དང་དགུན་ཁ་ཞེས་འབོད

ཆོན་མགོའི་བྱེའུ་ཆུང་འཕུར་རྗེས་ཅི་ཡང་མི་དྲན་པར་བསྡད

རྨི་ལམ་དང་སྨུག་པ་གཉིས་འདྲེས་པའི་ཚུགས་ཀ་དེས

སྐབས་དེར་ཁེར་རྐྱང་གི་གླུ་སྐད་ཅིག་རྙེད་ཀྱིན་མི་འདུག


རྡོག་འོག་ནས་ཁངས་ཆག་འཐོར་དུས

མཐོང་སྣང་གི་སྡོང་བོ་དེ་དག་རྒས་བཞིན་འདུག

ཡིད་བརྙན་ལས་ནང་སེམས་ཀྱི་ཡོལ་བ་བཀྱགས་ཏེ་མཐོང་དུ་བཅུག

 ༼ དུར་མིག ༽


  • ལེ་ཚན་སྔོན་མ།:འུ་གཉིས་བར་གྱི་ཚེ་རབས།
  • ལེ་ཚན་རྗེས་མ།:དྲན་པའི་རྟ་ཁྱུ་ཞོགས་པ།
  • རྩོམ་གསར། 10