ང་ཤི་དུས།

        2019-04-19

ཁང་པའི་ཐབ་ཚང་ནས་དུ་ཞག་འཕྱུར།

དུ་ཞག་གི་བར་ནས་མ་ཎི་དབྱངས་འགྲོས་ཐོར།


རི་སྒང་གི་དར་ལྕོག་ཐེད་པོ།

རླུང་གི་དལ་གྱིས་གཡོ།


འཁོར་བའི་གྱང་ར་ལ་སིམ་པའི་ཐ་སྙད།


བུད་ཤིང་དུ་གྱུར།

མེ་རུ་སྒྲོན་པའི་ལོ་རྒྱུས་ཀྱི་ཤོག་ལྷེ།

རླུང་བསེར་བུས་ཐལ་བ་བར་སྣང་དུ་བདས།


གཅེར་བུ་བུད་པའི་རུས་པ་ཡི་ཕུང་པོ།

བྱ་རྒོད་པོ་དེའི་རྣམ་ཤེས་གང་ལ་བསྐུར་སྲིད།

སྐྱོ་གདུང་གིས་ལུས་པོ་བཏུམས་ཤིང་།

རྟ་ཕོ་དཀར་པོ་དེས་དུར་ཁྲོད་དུ་བསྐྱལ།


ཅི་ཞིག་ཤུལ་དུ་ལུས་སོང་བ།

བག་ཕེབས་ཀྱི་གོམ་པ་ག་ལ་འཇོག་ནུས།

          ༼   གཙོད། ༽


  • ལེ་ཚན་སྔོན་མ།:སློབ་སྦྱོང་དང་བྲལ་བའི་སྤྱི་ཚོགས་ཀྱི་འཆར་ཡན།
  • ལེ་ཚན་རྗེས་མ།:ཕ་གཞིས།
  • རྩོམ་གསར། 10