གསེར་ཐར་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་རུལ་འགོག་བཀག་རྒྱ་བརྟན་གཏོང་བྱས།

ཡེ་ཤེས་སྒྲོལ་མས་བསྒྱུར།        2019-04-18

  ད་ལོ་ནས་བཟུང་། རྫོང་ནོར་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་རྣམ་པ་གསར་བའི་འོག་གི་ཏང་ནང་ཆབ་སྲིད་འཚོ་བའི་ཚད་གཞི་དག་ལག་ལེན་བྱས་ནས།ཏང་ནང་གི་ཆབ་སྲིད་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ་དེ་ཁྱོན་ཡོངས་ནས་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་ལག་ལེན་བྱེད་པའི་ནང་དོན་གལ་ཆེན་ཐོག་ཏུ་བཞག་པ་དང་། ཕུའུ་པོའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་དོན་ཚབས་ཆེན་དང་ཟུང་འབྲེལ་བྱས་ནས། རྩ་འཛུགས་སྲ་བརྟན་ཏུ་གཏོང་བ། འགན་འཁྲི་ཞིབ་མོ་བགོས་པ།སྲིད་གཙང་རིག་གནས་དར་སྤེལ་གཏོང་བ་བཅས་དང་། ཆབས་ཅིག་ཏུ་ལས་ཁུངས་ཡོངས་སུ་སྲིད་གཙང་གཏམ་བཤད། སྲིད་གཙང་བརྙན་ལྟ། སྒྲིག་འཛིན་འགན་འདྲི་སོགས་ཀྱི་བྱེད་སྒོ་སྤེལ་ནས། ལས་ཁུངས་ཡོངས་སུ་སྤྱོད་བཟང་གཞུང་དྲང་དང་ཧུར་བརྩོན་ཡར་ཐོན་གྱི་ངང་ཚུལ་བཟང་བོ་བསྐྲུན།

གསེར་ཐར་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་རུལ་འགོག་བཀག་རྒྱ་བརྟན་གཏོང་བྱས།

  གཅིག རྩ་འཛུགས་དང་དབུ་ཁྲིད་ཐད་ནས་ཤུགས་སྣོན་བྱས། འགོ་འཛིན་གྱིས་ཙུའུ་ཀྲང་བྱས་པ་དང་། སྒྲིག་བཤེར་ཙུའུ་ཀྲང་གིས་ཙུའུ་ཀྲང་གཞོན་པ་བྱས་ཤིང་། ཚན་ཁག་སོ་སོའི་འགན་ཁུར་བས་ཁུངས་མི་བྱས་པའི་སྲིད་གཙང་འཛུགས་སྐྲུན་གྱི་དབུ་ཁྲིད་ཚོ་ཆུང་བཙུགས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་ཇུས་གཞི་གཏན་འབེབས་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་འགོ་ཁྲིད་ལ་བགོས་པ།འོས་འགན་ཚན་ཁག་སོ་སོར་བགོས་པ་བཅས་བྱས་ནས། རིམ་པ་བཞིན་དུ་དང་དོད་དང་ལག་ལེན་བྱས་པའི་ལས་ཀའི་འགན་འཁྲི་མ་ལག་བསྐྲུན།

  གཉིས། འགན་འཁྲི་ལག་ལེན་ཞིབ་མོ་བྱས།“ལས་གནས་གཅིག་ལ་འགན་འཁྲི་གཉིས”ཡོད་པའི་ལས་སྒྲུབ་ཚད་གཞི་ལག་ལེན་ནན་ཏན་བྱས་ནས། ལས་གནས་གཙོ་གནད་དང་སྒྲུབ་རིམ་གཙོ་བོའི་སྲིད་གཙང་འཛུགས་སྐྲུན་གྱི་ཉེན་ཁར་རྩད་ཞིབ་བྱས་པ་དང་། ལས་ཁུངས་ཀྱི་འགོ་ཁྲིད་དང་ལས་གནས་གཙོ་གནད་ཀྱི་འགན་ཁུར་བ་སོགས་དང་སྲིད་གཙང་འཛུགས་སྐྲུན་འགན་འཁྲི་ཆོད་ཡིག་བཞག། ད་དུང་ཅུའུ་ཀྲང་གིས་འགོ་ཁྲིད་ནས་ལས་བྱེད་པ་དང་ཚན་ཁག་སོ་སོའི་འགན་ཁུར་བར་གཏམ་བཤད་གནང་། དུས་མཐུན་དུ་སྒྲིག་བཤེར་ཙུའུ་ཀྲང་གིས་ཏང་ཡོན་དང་ལས་བྱེད་པ་ཚོ་ལ་གཏམ་བཤད་གནང་ནས། འགོག་ཁབ་རྒྱག་པའི་རྣམ་པ་ལྟར་ལས་ཁུངས་ཡོངས་ཀྱི་སྲིད་གཙང་རང་གཅུན་གྱི་བསམ་པའི་བཀག་རྒྱ་ཇེ་བརྟན་དུ་བཏང་བ་དང་། གོམ་གང་མདུན་སྤོས་སྲིད་གཙང་སྤྱོད་བཟང་ཅན་གྱི་ལས་སྒྲུབ་ཁོར་ཡུག་བསྐྲུན།

  གསུམ། སྲིད་གཙང་རིག་གནས་སྐྱེད་སྲིང་བྱས། དོན་དངོས་དང་ཟུང་འབྲེལ་བྱས་ནས། སྲིད་གཙང་ཆེད་བསྒྲིགས་ལེ་ཚན་གཅིག་དང་། ལས་ཁུངས་ཀྱི་སྲིད་གཙང་རིག་གནས་ཁྱམས་ར་བསྐྲུན་པ་དང་། ད་དུང་སྲིད་གཙང་པར་རིས་སྦྱར་ཡིག20ལྷག་བཀལ། ལས་ཁུངས་ཀྱི་ཟས་ཁང་དང་ལས་བྱེད་པའི་སྡོད་ཁང་དུ་སྲིད་གཙང་སྦྱར་ཡིག་བཀལ་བ་དང་། སྲིད་གཙང་རིག་གནས་ཟས་ཁང་དང་སྡོད་ཁང་དུ་དར་སྤེལ་བྱས་ནས། དུས་དང་རྣམ་པ་ཀུན་དུ་ནོར་སྲིད་ལས་བྱེད་པར་འཁུར་སེམས་རྣམ་དག སྲིད་གཙང་ལས་བརྩོན། སྤྱོད་ཚུལ་ལེགས་བཅོས། མཐའ་ཐིག་ནན་སྲུང་བྱ་རྒྱུའི་སྐུལ་བརྡ་གཏོང་བ་དང་།རུལ་འགོག་གཙང་སྤེལ་བྱས་པའི་ངང་ཚུལ་དང་སྲིད་གཙང་འཛུགས་སྐྲུན་གྱི་འདུ་ཤེས་བརྟན་པོ་བསྒྲེངས།

   བཞི། ཉེན་བརྡའི་སློབ་གསོ་ཐད་ནས་ཤུགས་སྣོན་བྱས། ཏང་ཡོན་ལས་བྱེད་པ་ཡོངས་དང་སྤྱི་བཏང་ལས་བྱེད་པ་ཚོ་རྩ་འཛུགས་བྱས་ནས། 《ཏང་གི་སྒྲིག་ཡིག》《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་གཙང་རང་གཅུན་ཚད་གཞི།》《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཆད་གཅོད་སྲོལ་ཡིག》བཅས་སློབ་སྦྱོང་བྱས་པ་དང་། ཉེན་བརྡའི་སློབ་གསོ་བརྙན་འཕྲིན་ལ་ཡང་བལྟས། ད་དུང་ཕུའུ་པའོ་ཡིས་སྒྲིག་འགལ་ཁྲིམས་འགལ་གྱོད་དོན་གྱིས་དཔེ་མཚོན་བྱས་ནས། ཉེ་ཟུར་གྱི་མི་དང་ཉེ་ཟུར་གྱི་དོན་དག་ལ་བསྟེན་ནས་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཉེན་བརྡ་བཏང་།འདི་ལྟ་བུར་ལས་བྱེད་པའི་རྒྱུན་ལྡན་ལས་དོན་གྱི་ཚད་གཞི་གཏན་འབེབས་གསལ་མོ་བྱས་པ་དང་རུལ་སུངས་འགྱུར་འགོག་གི་བསམ་པའི་འགོག་རྒྱ་ཇེ་བརྟན་དུ་བཏང་།

  ལྔ། ལྟ་སྐུལ་དང་འགན་འདྲི་ཐད་ནས་འབད་པ་བྱས། སྲིད་གཙང་འཛུགས་སྐྲུན་དང་རུལ་འགོག་འཐབ་རྩོད་ནི་སྤེལ་བའི་སྒང་ཡིན་པས། ངེས་པར་དུ་བྱེད་ཐབས་གསར་གཏོད་དང་འགན་འཛིན་ལྟ་སྐུལ་གྱི་འགན་ནུས་ལ་ཤུགས་སྣོན་བྱས་ནས། བློ་ཐག་རྦད་གཅོད་སྒོས་སྤྱོད་ཚུལ་ངན་པ་དག་བཅོས་དང་། དབུལ་སྐྱོར་ལས་དོན་ཁྲོད་ཀྱི་གནད་དོན་འདྲ་མིན་ལ་འགན་འདྲི་ནན་མོ་བྱ་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་ཆེན་མོ་བརྒྱད་དང་ཞིང་ཆེན་གྱི་གཏན་འབེབས་བཅུ། ཁུལ་གྱི་གཏན་འབེབས་ཆེན་མོ་བདུན་བཅས་ལ་འགལ་མཁན་ཡོད་ཚེ་མགྱོགས་མྱུར་ཐག་གཅོད་དང་བརྡ་བསྒྲགས་བྱས་ནས། རུལ་སུངས་བྱ་མི་ཆོག་པ། རུལ་སུངས་བྱ་མི་འདོད་རྒྱུ་སོགས་རྒྱུན་རྣམ་དུ་གྱུར་དགོས།

  བོད་ཀྱི་ཁྱད་ཆོས་ལྡན་པའི་སྣེ་ལེན་སྡོད་ཁང་ལ་བརྟག་ཞིབ་བྱས། ཀོང་ཏུང་གིས་གསེར་རྟ་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ལས་གཞི་ལག་ལེན་ཡང་དག་བྱེད་ནས། ལས་གཞིའི་ནུས་འབྲས་འདོན་སྤེལ་འཐུས་ཚང་གཏོང་བ། རང་རྫོང་གི་ཡུལ་སྡེའི་ཡུལ་སྐོར་གོང་འཕེལ་གྱི་གོམ་འགྲོས་དང་བསྟུན་པ།ཞིང་འབྲོག་མང་ཚོགས་་ཀྱི་ཡུལ་སྐོར་ལས་ཞུགས་བྱེད་པའི་སྤྲོ་སེམས་ཇེ་མཐོར་གཏོང་བ་དང་། ཡུལ་སྐོར་བར་སྟབས་བདེ་བ། བག་ཕེབས་པ། གཙང་དག་ཡིན་པའི་ཡུལ་སྐོར་ཁོར་ཡུག་འདོན་སྤྲོད་བྱེད་པ་དང་།ཞིང་འབྲོག་མང་ཚོགས་ཀྱི་ལས་གཏོད། ལས་ཞུགས། ཡོང་བབས་འཕར་སྣོན་བཅས་བྱ་ཐུབ་པའི་དམིགས་འབེན་མངོན་གྱུར་ཡོང་བར། འདི་ཟླའི་ཚེས10ཉིན། རྫོང་རིག་གནས་རྒྱང་བསྒྲགས་ཡུལ་སྐོར་ཅུས་ཀྱིས་གསེར་རྟའི་སྨད་རྒྱུད་ཀྱི་ཡུལ་གྲོང་གི་ཡར་ཞུ་བྱས་པའི2019ལོའི་དམངས་སྡོད་སྣེ་ལེན་དགོས་མཁོ་ལ་བརྟག་ཞིབ་བྱས།

  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གིས་ཀྲུང་གོའི་བེ་ཤའི་ཕ་ཡུལ་གྱི་སྐད་གྲགས་ཇེ་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:བྲག་མགོ་བོད་ཡིག་སློབ་འབྲིང་གིས་བོད་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།