ཉག་ཆུ་རྫོང་གིས་ཀྲུང་གོའི་བེ་ཤའི་ཕ་ཡུལ་གྱི་སྐད་གྲགས་ཇེ་ཆེ་རུ་བཏང་།

        2019-04-17

ཉེ་བའི་ལོ་ཤས་རིང་ཉག་ཆུ་རྫོང་གིས་ཤེས་ཡོན་མི་སྣ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་བེ་ཤའི་ཆོལ་གའི་སྙན་གྲགས་ཇེ་ཆེ་རུ་བཏང་བ་རེད།

ཤེས་ཡོན་མི་སྣས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་རེད། མཐོ་རིམ་གྱི་ཤ་མོང་གི་ལག་རྩལ་ཆེད་རམས་པ། ཞིང་ལས་ལག་རྩལ་པ། བཟའ་བཅའི་ལག་རྩལ་ཇུས་འགོད་པ། མཐོ་རིམ་ཁེ་ལས་གཉེར་སྐྱོང་དོ་དམ་མི་སྣ་སོགས་ཕུལ་བྱུང་གི་ཤེས་ཡོན་མི་སྣ25ནང་འདྲེན་བྱས་ནས། བེ་ཤ་སོགས་བཟའ་བྱའི་ཤ་མོ་འདེབས་འཛུགས་དང་ཐོན་རྫས་ཞིབ་འཇུག་གསར་སྦོལ་བྱས་ཏེ་ཤ་མོང་རིགས10ལྷག་ཙམ་བདེ་བླག་ངང་གསོ་སྐྱོང་བྱེད་པ་དང་། བེ་ཤ་བྲོ་བ་དང་བེ་ཤ་ལྕགས་ཀྲིན་སོགས་ཐོན་རྫས་རབ་དང་རིམ་པ་གསར་སྦོལ་བྱས་པ་རེད། མི་གྲངས400ལྷག་ཙམ་ལས་ཞུགས་ཐུབ་ནས་ཐོན་ལས་ཡོང་འབབ་སྒོར་ཁྲི3580ལ་ཟིན་ཡོད་པ་རེད།

ཤེས་ཡོན་མི་སྣས་དབུལ་ཐར་འགག་སྒྲོལ་ལ་སྣེ་ཁྲིད་བྱས་པ་རེད། དབུལ་ཐར་འགག་སྒྲོལ་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། བཟའ་བྱའི་ཤ་མོང་མཉམ་ལས་བྱས་པའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བཟའ་བྱའི་ཤ་མོང་ཐོན་ལས་དཔེ་སྟོན་རྟེན་གཞི་འཛུགས་པ་དང་། ཁེ་ལས་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ། མང་ཚོགས་བཅས་ཕྱོགས་གསུམ་གྱི་ཁེ་ཕན་འབྲེལ་བའི་ནང་རྐྱེན་འཛུགས་པ་དང་མང་ཚོགས་དབུལ་པོའི་དབུལ་ཐར་གོམ་སྟབས་མགྱོགས་སུ་བཏང་ནས། དུད་ཚང་རེ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི2.5མངོན་འགྱུར་བྱུང་ཡོད། དེ་དང་ཆབས་ཅིག་ས་གནས་དེ་གའི་ཐོན་ལས་ལག་རྩལ་གྱི་ཤེས་ཡོན་མི་སྣ87གསོ་སྐྱོང་བྱས་པ་རེད།

ཤེས་ཡོན་མི་སྣས་གསར་གཏོད་ལས་སྐྲུན་ལ་སྣེ་ཁྲིད་བྱས་པ་རེད། མཐོ་རིམ་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁང་གི་ཆེད་རམས་པ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ། བེ་ཤ་ཐོན་ལས་ལྡུམ་ར་བེད་སྤྱོད་བྱས་ནས་སྤུས་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སའི་རྟེན་གཞི་བཙུགས་པ་དང་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་རྟེན་གཞི། ཞིང་འབྲོག་ཁུལ་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་མི་སྣ་གསོ་སྦྱོང་རྟེན་གཞི་བཅས་བཙུགས་ནས་གཞོན་ནུ་ཤེས་ཡོན་མི་སྣ50ལྷག་ཙམ་སྒྲིག་འཛུགས་བྱས་ནས་རྟེན་གཞིར་དངོས་སྦྱོང་བྱས་ཡོད་པ་རེད།།﹙བདེ་སྐྱིད་ཀྱིས་བསྒྱུར།﹚


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཞིང་ལས་ཐོན་སྐྱེད་དུ་གྲུབ་འབྲས་བཟང་པོ་ཐོབ་ཡོད།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་ནས་རུལ་འགོག་བཀག་རྒྱ་བརྟན་གཏོང་བྱས།
  • དོ་སྣང་ཆེ་བའི་རྩོམ།