རང་ཁུལ་གྱི་ཞིང་ལས་ཐོན་སྐྱེད་དུ་གྲུབ་འབྲས་བཟང་པོ་ཐོབ་ཡོད།

        2019-04-17

ད་ལོའི་ལོ་འགོ་ནས་བཟུང་། ཁུལ་གྱི་ཞིང་འབྲོག་གྲོང་སྡེ་ཅུས་ཀྱིས་དཔྱིད་རྨོས་ཐོན་སྐྱེད་ཀྱི་གནས་བབ་གསར་པར་དམིགས་ནས་བྱ་བ་སྒྲུབ་སྟངས་གསར་གཏོད་བྱས་ཏེ། ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། འབྲུ་རིགས་ཉེན་འགོག་བྱེད་ཐབས་ནན་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཔྱིད་རྨོས་དང་རྨོ་འདེབས་གྲ་སྒྲིག་བྱས་ནས་ཞིང་ལས་ཐོན་སྐྱེད་འགོ་ཡག་པོ་བཙུགས་ཡོད་པ་རེད།

དབྱར་ཐོག་འདེབས་ཁྱོན་རྩ་བའི་ཆ་ནས་བརྟན་པོ་ཡིན་པ་རེད། རྫོང་ཁག་གིས་མུའུ་ཁྲི་བརྒྱའི་ཁྱད་ཆོས་ཞིང་ལས་ཐོན་ལས་རྟེན་གཞི་དང་སྤྱི་ལེ་བརྒྱའི་ལྗང་མདོག་ཐོན་ལས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་གཞི་ཁྱོན་བརྟན་པོ་བྱས་ནས་དུས་ཐོག་ཏུ་དབྱར་ཐོག་འདེབས་འཛུགས་ལས་འགན་ལེགས་སུ་འགྲུབ་པ་རེད།

སྤྱོད་གོ་ཆོད་པའི་ལག་རྩལ་དོན་འཁྱོལ་ཅུང་ཡག་པོ་བྱས་ཡོད། དབྱར་ཐོག་ཐོན་སྐྱེད་བྱེད་མཁན་གྱི་རྫོང་ཁག་ལ་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཁྲིད་སྟོན་བྱེད་པ་དང་། ལག་རྩལ་ཆེད་རམས་པ་དང་ཞིང་ལས་ཚན་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དང་དུད་ཚང་དུ་ཕྱིན་ནས་ཡུག་སྦྲེལ་འགན་ལེན་བྱས་པའི་དུས་མཚུངས་སུ། ཐོན་ཚད་མཐོ་ལ་ལས་ཆོད་མཐོན་པོ་འཛུགས་སྐྱོང་བྱ་རྒྱུར་བརྟེན་ནས། ཞིང་ལས་ཚན་རྩལ་གསོ་སྦྱོང་ཆེན་པོ་དང་དཔེ་སྟོན་ཆེན་པོ། ཁྱབ་གདལ་ཆེན་པོའི་ལས་དོན་སྤེལ་ནས་བཞི་གསར་དཔེ་སྟོན་དང་དྲུག་བཟང་ཆ་ཚང་བསྒྲིག་རྒྱུར་དམ་འཛིན་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་དབྱར་ཐོག་འབྲུ་རིགས་དང་པད་ཁ། སྔོ་ཚལ། ཤ་མོང་བཅས་ཐོན་སྐྱེད་ལག་རྩལ་ཞིང་པའི་དུད་ཚང་དང་ཞིང་ཁར་སླེབས་པར་འགན་ལེན་བྱས་པ་རེད།

ཐོན་ལས་ཀྱི་གྲུབ་ཚུལ་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་། ད་ལོའི་ལོ་འགོ་ནས་བཟུང་ཞིང་ལས་ཐོན་རྫས་དང་ཚོང་རའི་མཁོ་སྤྲོད་ལ་གཞི་འཛུགས་ས་བྱས་ཏེ་། རྩ་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམིགས་བསལ་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་སྔོ་ཚལ་རྟེན་གཞི་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་པ། དགུན་དཔྱིད་ཀྱི་སྔོ་ཚལ་ཐོན་སྐྱེད་ཡག་མོ་བསྒྲུབ་རྒྱུར་ཤུགས་བརྒྱབ་སྟེ་སྒྲིག་བཀོད་ཅན་དུ་འགྱུར་བའི་འདེབས་གསོ་དང་། ལངས་གཟུགས་ཅན་གྱི་འདེབས་འཛུགས། འགྱིག་ཁེབས་ཀྱི་ཐོན་སྐྱེད་ཁྱབ་སྤེལ་བཏང་ནས་ཏན་ཏིག་གིས་དུས་ཆེན་གཉིས་ཀྱི་སྐབས་སུ་ཚོང་རའི་མཁོ་སྤྲོད་འགན་ལེན་བྱས་པ་རེད།། (སི་ཁྲོན་མི་རིགས་སློབ་གླིང་གི་དངོས་སྦྱོང་སློབ་མ་བསོད་ནམས་སྒྲོལ་དཀར་གྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དཔྱིད་རྨོས་ལ་སྐུལ་འདེད་བརྟན་པོ་བཏང་བ།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གིས་ཀྲུང་གོའི་བེ་ཤའི་ཕ་ཡུལ་གྱི་སྐད་གྲགས་ཇེ་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།