ཞི་ཅིན་ཕིང་གིས་འབར་མའི་རྒྱལ་སྲུང་དམག་དཔུང་གི་སྤྱིའི་དམག་སྤྱི་ཆེན་མོ་མེན་ཨང་ལེ་ལ་མཇལ་འཕྲད་གནང་།

        2019-04-12

ཞི་ཅིན་ཕིང་གིས་འབར་མའི་རྒྱལ་སྲུང་དམག་དཔུང་གི་སྤྱིའི་དམག་སྤྱི་ཆེན་མོ་མེན་ཨང་ལེ་ལ་མཇལ་འཕྲད་གནང་།

ཟླ4བའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་འབར་མའི་རྒྱལ་སྲུང་དམག་དཔུང་གི་སྤྱིའི་དམག་སྤྱི་ཆེན་མོ་མེན་ཨང་ལེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས10ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་འཚམས་འདྲིར་ཡོང་བའི་འབར་མའི་རྒྱལ་སྲུང་དམག་དཔུང་གི་སྤྱིའི་དམག་སྤྱི་ཆེན་མོ་མེན་ཨང་ལེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས་ཀྲུང་གོ་དང་འབར་མའི་འབྲེལ་བ་བཟང་ཕྱོགས་སུ་འཕེལ་རྒྱས་ལ་འགྲོ་བཞིན་ཡོད་པ་དང་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་བརྗེ་རེས་དང་མཉམ་ལས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་འབར་མའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ག་འདྲ་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་སྔོན་ཆད་དང་འདྲ་བར་འབར་མ་ཕྱོགས་དང་འཐབ་ཇུས་འབྲེལ་འདྲིས་ཇེ་མང་དུ་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ཅིང་ཀྲུང་གོ་དང་འབར་མའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་སྐྲུན་པར་མ་ཟད་ས་གནས་ཀྱི་བརྟན་འཇགས་དང་དར་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འབར་མའི་དམག་དོན་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། དམག་དཔུང་གཉིས་ཀྱིས་དངོས་གཉེར་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་གཉིས་ཕན་རྒྱ་བསྐྱེད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་བདེ་འཇགས་དང་འཕེལ་རྒྱས་ཁེ་ཕན་གྱི་དམག་དཔུང་གཉིས་ཀྱི་འབྲེལ་བ་སྲུང་སྐྱོབ་བྱེད་པར་བརྩོན་ལེན་བྱེད་དགོས་ཟེར།

མེན་ཨང་ལེ་ཡིས་བཤད་རྒྱུར། འབར་མ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་དུ་སྲོལ་རྒྱུན་གྱི་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་དང་རྒྱལ་ཁབ་གཉིས་དང་དམག་དཔུང་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། འབར་མ་ཕྱོགས་ཀྱིས་ཀྲུང་གོས་དུས་ཡུན་རིང་བོར་འབར་མ་རྒྱལ་ཁབ་དང་དམག་དཔུང་གི་འཕེལ་རྒྱས་འཛུགས་སྐྲུན་ཐད་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་བཀའ་དྲིན་ཆེ་ཞུ་བ་དང་ཀྲུང་གོ་ཕྱོགས་ཀྱིས་འབར་མའི་ཞི་བའི་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་བ་ཡིན། འབར་མ་ཕྱོགས་ཀྱིས་ཀྲུང་གོའི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་ནུས་ལྡན་བྱེད་ཐབས་སྤྱད་དེ་འབར་མ་དང་ཀྲུང་གོའི་མཐའ་མཚམས་ས་ཁུལ་གྱི་བརྟན་འཇགས་སྲུང་སྐྱོབ་བྱེད་པ་ཡིན་ཟེར། །


  • ལེ་ཚན་སྔོན་མ།:ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་རྒྱལ་ཐང་དུ་སླེབས་པ།
  • ལེ་ཚན་རྗེས་མ།:ལི་ཁེ་ཆང་གིས་ཁི་ལོ་ཏེ་ཡའི་ཙུང་ལི་དང་གྲོས་མོལ་མཛད།
  • དོ་སྣང་ཆེ་བའི་རྩོམ།