བོད་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་འཆད་སྟེགས་ཆེན་མོ་དབུ་བརྙེས།

    བོད་མིའི་རིག་གནས་དྲ་བ་ལས་དྲངས།    2019-04-12

    ཉེ་ཆར་བོད་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་འཆད་སྟེགས་ཆེན་མོ་ཐོག་མ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སློབ་ཁྲིད་བྱེད་འགོ་ཚུགས་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་འཆད་སྟེགས་ཆེན་མོ་ནི་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་ལོ་འདིར་བཏོན་པའི་སྤྱི་དམངས་རང་བཞིན་གྱི་རིན་པ་མི་དགོས་པར་ཡོངས་བསྒྲགས་བྱེད་པའི་འཆད་ཁྲིད་གལ་ཆེན་ཞིག་རེད། ཟླ་རེར་འཆད་ཁྲིད་ཐེངས་རེར་ཡོད་པའི་འཆད་སྟེགས་འདི་ནས་བོད་ལྗོངས་ན་མིང་གྲགས་ཅན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་རིགས་གཅིག་མཁས་ཅན་གདན་དྲངས་ནས་གྲངས་འཛིན་སྟེགས་བུ་གཞི་རྟེན་དུ་བྱས་ཏེ་གཟུགས་མེད་རིག་གནས་ཤུལ་བཞག་གི་ཤེས་བྱ་བརྒྱུད་བསྒྲགས་བྱས་ཤིང་། གཟུགས་མེད་རིག་གནས་ཤུལ་བཞག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲུང་སྐྱོང་གི་འདུ་ཤེས་ཁྱབ་གདལ་བཏང་ནས་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན་པ་རེད།

    བོད་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་འཆད་སྟེགས་ཆེན་མོའི་འཆད་ཁྲིད་ཐོག་མ་ནི་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་ཡོན་ཀྲང་། གཞས་གདངས་རྩོམ་མཁན་འབུམ་རམས་པ་ཇོ་ཀས་གནང་ཡོད་ལ། ཁོང་གིས《གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་འཕེལ་རྒྱས》ཀྱིས་བརྗོད་གཞིར་བྱས་ནས་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་དང་འཕེལ་རྒྱས་སྐོར་འཆད་ཁྲིད་གནང་ཡོད་པ་རེད།


  • ལེ་ཚན་སྔོན་མ།:ལི་ཁེ་ཆང་གིས་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་ཉེར་གཅིག་པར་འགོ་འཛིན་མཛད།
  • ལེ་ཚན་རྗེས་མ།:འཛམ་གླིང་ཡང་རྩེར་བསྲིངས་པའི་གཞུང་ལམ།
  • དོ་སྣང་ཆེ་བའི་རྩོམ།