ཞིང་ལས་དངུལ་ཁང་དར་མདོ་ཡན་ལག་དངུལ་ཁང་གིས་ཀུན་ཕན་དངུལ་བུན་བཏང་ནས་མུའུ་ཁྲིའི་ནས་ནག་འདེབས་པར་རོགས་སྐྱོར་བྱས།

བསོད་ནམས་དོན་འགྲུབ་ཀྱིས་བསྒྱུར།        2019-04-10

     ཉེ་ཆར། ཞིང་ལས་དངུལ་ཁང་དར་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དར་མདོ་གྲོང་ཁྱེར་དང་པོ་ཆང་ལས་ཚད་ཡོད་སྤྱི་གཉེར་ཁང་ལ་ཀུན་ཕན་དངུལ་བུན་སྒོར་ཁྲི800བཏང་ནས། སྤྱི་གཉེར་ཁང་གིས་དར་མདོ་གྲོང་ཁྱེར་རྒྱུ་ལའི་ནུབ་རྒྱུད་ས་ཁུལ་དུ་ཆགས་པའི་འགག་པ་དང་། སྐྱ་གད། བོན་པོ་ཤུལ། ཝ་ཁྲལ། ར་རྔ་ཁ། ས་བདེ་བཅས་ཤང(གྲོང་རྡལ)དྲུག་དང་མཉམ་དུ་མུའུ་ཁྲིའི་ནས་ཀྱི་ས་བོན་འདེབས་འཛུགས་བྱེད་སའི་དཔེ་སྟོན་རྟེན་གཞི་བསྐྲུན་ནས། མུའུ11000ལྡན་པའི་ནས་ནག་གི་ས་བོན་བཏབ་པ་དེ་སྲིད་འཛིན་གྲོང་ཚོ71ལ་ཁེབས་ནས་དུད་ཚང5022ཀྱི་མི་གྲངས25799ལ་ཕན་ཐོགས་པ་རེད།

    ཉེ་བའི་ལོ་ཤས་རིང་། ཞིང་ལས་དངུལ་ཁང་དར་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ཀུན་ཕན་དངུལ་རྩ་སྐུལ་སྤེལ་ཤུགས་ཆེན་བཏང་ནས། ཞིང་ལས་དངུལ་ཁང་གིས་ཞིང་གསུམ་སྐོར་གྱི་རྫོང་ཁོངས་ལ་ཞབས་ཞུ་དང་དངུལ་རྩ་དབུལ་སྐྱོར་གྱི་སྤྱི་ཚོགས་འགན་འཁྲི་ལག་ལེན་བསྟར་ནས། དངུལ་རྩ་དབུལ་སྐྱོར་དང་ཚོང་ལས་ཅན་དུ་འཁོར་སྐྱོད་བྱེད་པའི་ལས་སྟངས་གསར་གཏོད་དང་འཚོལ་ཞིབ་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་པར་བརྟེན་ནས་ཞིང་དུད་ལ་ཡོང་འབབ་འཕར་སྣོན་ཡོང་བར་སྣེ་ཁྲིད་བྱས། 2017ནས2018ལོའི་སྐབས་སུ་དར་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་གོང་གསལ་བཤད་པའི་ཤང(གྲོང་རྡལ)དྲུག་གི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང120ལ་མི་སྒེར་གྱི་གནད་འཁེལ་དབུལ་སྐྱོར་གྱི་དངུལ་བུན་སྒོར་ཁྲི599བཏང་ནས་དབུལ་པོའི་དུད་ཚང་ལ་ནས་ནག་གི་ས་བོན་ཉོ་སྒྲུབ་བྱེད་ཡས་གཏོང་སྤྲོད་བྱས། ཞིང་དུད་ལ་སྤྱི་གཉེར་ཁང་གིས་རྒྱབ་སྐྱོར་བྱེད་པའི་ཐབས་ཤེས་སྤྱད་ནས། དར་མདོ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ནས་ཞིང་པའི་ཡོང་འབབ་འཕར་བར་སྐུལ་སྤེལ་བཏང་བ་རེད།།

  • ལེ་ཚན་སྔོན་མ།:ཇ་ལོ་ཆུང་ཆུང་ལ་བརྟེན་ནས་ཐོན་ལས་ཆེན་པོ་གཉེར་སྐྱོང་བྱས།
  • ལེ་ཚན་རྗེས་མ།:འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བཞིན་པའི་རྒྱུ་ལའི་ཕུག་ལམ།
  • དོ་སྣང་ཆེ་བའི་རྩོམ།