ལི་ཁེ་ཆང་གིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ཏི་ཨུན་དང་གྲོས་མོལ་མཛད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2019-04-09

ལི་ཁེ་ཆང་གིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ཏི་ཨུན་དང་གྲོས་མོལ་མཛད།

ཟླ་བཞི་བའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ཏི་ཨུན་དང་གྲོས་མོལ་མཛད།

           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཨ་ཏི་ཨུན་དང་གྲོས་མོལ་མཛད།

           ལི་ཁེ་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ནེའུ་ཙི་ལན་བར་གྱི་མཉམ་ལས་དེ་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་མདུན་གྲས་སུ་སྐྱོད་བཞིན་ཡོད་པ་དང་དེང་སྐབས་གོ་སྐབས་གསར་བ་དང་འཕྲད་ཡོད། ང་ཚོས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་བཏོན་པ་དེ་ནེའུ་ཙི་ལན་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱས་ཏེ་མཉམ་ལས་གཏིང་ཟབ་ཏུ་སྤེལ་ངེས་ཡིན། ཕྱོགས་གཉིས་ཀྱི་ཁེ་ལས་ལ་འདྲ་མཉམ་དང་དྲག་བཞག མངོན་གསལ། སྟབས་བདེ། མཐོང་ཆུང་མི་བྱེད་པའི་ཚོང་གཉེར་ཁོར་ཡུག་བཟང་བོ་ཞིག་གསར་སྐྲུན་བྱེད་དགོས། ཕྱོགས་གཉིས་ཀྱི་རང་མོས་ཉོ་ཚོང་གྲོས་མཐུན་རིམ་འཕར་གྲོས་མོལ་མྱུར་དུ་ལག་བསྟར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཞིང་ཕྱུགས་ལས་དང་ནོར་སྲིད་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་གནས་སྐོར་མཉམ་ལས་དང་མི་གཞུང་བརྗེ་རེས་སྔར་ལས་ཇེ་མང་དུ་གཏོང་དགོས་ཟེར།

           ཨ་ཏི་ཨུན་གྱིས་བཤད་རྒྱུར། ནེའུ་ཙི་ལན་ནི་ནུབ་ཕྱོགས་རྒྱལ་ཁབ་ཁྲོད་དུ་ཆེས་སྔ་མོར་ཀྲུང་གོ་དང་འབྲེལ་བ་བཙུགས་པ་དང་ཆེས་སྔ་མོར་ཀྲུང་གོ་ཕྱོགས་དང་མཉམ་དུ་རང་མོས་ཉོ་ཚོང་གྲོས་མཐུན་སྟེང་མིང་བཀོད་པའི་རྒྱལ་ཁབ་ནང་གི་གཅིག་ཡིན་ལ། དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱིན་ཡོད། ནེའུ་ཙི་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རང་མོས་ཉོ་ཚོང་གྲོས་མཐུན་རིམ་འཕར་གྲོས་མོལ་མྱུར་དུ་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་དང་སྒྲིག་སྲོལ་དང་མཐུན་པའི་སྣ་མང་ཉོ་ཚོང་རྐྱེན་སྲོལ་མཉམ་དུ་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།

           གྲོས་མོལ་མ་མཛད་པའི་སྔོན་ལ། ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། ནེའི་ཙི་ལན་གྱི་ཙུང་ལི་ཨ་ཏི་ཨུན་རང་རྒྱལ་ལ་དངོས་གཞིའི་འཚམས་འདྲིར་ཡོང་བ་བསུ་མ་བྱས།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་སྐབས་སུམ་ཅུ་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
  • ལེ་ཚན་རྗེས་མ།:ཁྲུང་ཁྲུང་སྐེ་ནག་ཁག་དང་པོ་རྒྱལ་ཐང་དུ་སླེབས་པ།
  • དོ་སྣང་ཆེ་བའི་རྩོམ།