རྨི་ལམ།

གྲུ་ཆར།        2019-04-08

ངའི་སྣང་བ་ཞིག་ཏུ་བུ་མོ་ཞིག་ཡོང་སྟེ།

མེ་ཏོག་སྙིང་ཉེ་མོ་འགའ་ཞིག་ངའི་ལག་ཏུ་བཞག་པ་རྨིས།

ངས་རང་གི་མདོག་ཡལ་བའི་མིག་ཟུང་སྤྱད་དེ་ཇི་ལྟར་བལྟས་ན་ཡང་།

མེ་ཏོག་དེ་ནི་ལན་རེ་དཀར་པོ་ཡིན་ཞིང་ལན་རེ་དམར་པོ་ཞིག་ཏུ་འཁྲུལ།

སླར་ཡང་བུ་མོ་དེ་ངའི་རབ་རིབ་ཀྱི་རྒྱབ་ཕྱོགས་སུ་འགྲེངས་ཏེ།

ཐག་རིང་ནས་ཁྱོད་ཀྱིས་ང་ལ་དྲན་གདུང་གི་འཕྲིན་པ་ཐོངས་དང་།

ཐག་རིང་ནས་ངས་ཁྱོད་ལ་བརྩེ་གདུང་གི་མེ་ཁ་གསོ་ཞེས་ཡང་ཡང་འཆད།

དེའི་རྗེས་སུ་ངས་དགུན་ཟླ་ལྟ་བུའི་འཇིག་རྟེན་འདིའི་ནང་དུ།

ཤིན་ཏུ་འཁྱག་པའི་ཁངས་འཆག་མང་པོ་ཞིག་བླུགས་ཏེ།

བུ་མོ་དེའི་ཕྱོགས་སུ་ཇི་ལྟར་སྤྲིངས་ན་ཡང་།

མཇུག་མཐའི་བདག་གི་གནས་མལ་དུ།

བུ་མོ་དེའི་ཞལ་འཛུམ་མཐོང་མི་འདུག

བུ་མོ་དེས་གནང་བའི་མེ་ཏོག་དེའང་དེ་འདྲ་ཡིད་གར་འོང་བ་ཞིག་མ་རེད།

ཁེ་རྐྱང་གི་སྣང་བ་ཤིན་ཏུ་མོད་སའི་རྨི་ལམ་ཐེངས་ཤིག་ལས།

ངས་མུ་མཐུད་དུ་དེ་ལྟར་དྲན་རྗེས།

གློ་བུར་དུ་ངའི་ནང་སེམས་ཀྱི་འཇིག་རྟེན་དུ།

གྱེས་བྲལ་གྱི་སྐྱོ་བ་གཞན་ཞིག་འཁྲིགས་ཏེ།

བརྩེ་གདུང་ནི་ཅི་འདྲ་སྙིང་པོ་བོར་ཞིང་།

འགྲེལ་དཀའ་བའི་ཐང་སྟོང་གི་རྡོ་འཁྱག་ཅིག་དང་འདྲ་བ་ལ་ཨང་སྙམ།

  • ལེ་ཚན་སྔོན་མ།:སེམས་ཀྱི་རུས་པ།
  • ལེ་ཚན་རྗེས་མ།:སྣང་བ་སྨྲེང་བས་ཁྲིད་པའི་མགུར།