ཁ་ཆེམས་འབྲི་དུས།

དུར་ཁྲོད་པ།        2019-04-03

དུར་ཁྲོད་ཀྱི་ཐང་དཀར་དྲན་བྱུང་།

རི་སྒང་ཞིག་ན།

མ་ཎི་དར་ལྕོག་རླུང་གི་སྒུལ་གྱིན་པ་མཐོང་།

ངོ་མ་ངའི་སྙིང་ཉེ་པའི་ཁྱོད།

ལྐུག་པར་འགྱུར་རམ།

བར་དོ་ཞེས་སྟོང་ཁམས་ཤིག་དྲན་གྱིན།

དམྱལ་བ་ཞེས་པའི་འཇིགས་སྣང་ཞིག་སྐྱེས་བྱུང་།

ས་གཞི་ལྟ་བུའི་ཚེ་སྲོག་གི་རྣམ་ཤེས་དྲན་བྱུང་།

ནམ་མཁའ་ཞིག ས་གཞི་ཞིག རྒྱ་མཚོ་ཞིག

ངའི་ཆེད་དུ་ཤི་ཟིན།

ང་ཤི་དུས།

ཁ་ཆེམས་འབྲིའམ།


  • ལེ་ཚན་སྔོན་མ།:བོད་ཀྱི་སྣོད་བཅུད་ཀྱི་ཆེ་བ་བརྗོད་པ།
  • ལེ་ཚན་རྗེས་མ།:སེམས་ཀྱི་རུས་པ།