ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

        2019-03-26

  ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་དེ་སྤྱི་ཟླ3པའི་ཚེས15ཉིན་ནས་མཇུག་བསྒྲིལ་བ་རེད།  ཉིན་བཅུ་ལྷག་གི་ཚོགས་ཆེན་གྱི་རིང་ལ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་པུའུ་ཀྲང་བགྲོད་ལམ། ཡོངས་བསྒྲགས་ཚོགས་འདུ་སོགས་ཐབས་ལམ་མི་འདྲ་བའི་ཐད་ནས་དམངས་འཚོར་ཕན་པའི་སྲིད་ཇུས་དུ་མ་བཏོན་པ་སྟེ། དེ་ཚོ་རྒན་གསོ་དང་སློབ་གསོ། ལས་ཞུགས། སྨན་བཅོས་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད་ཅིང་། ཁྱེད་ཀྱི་འཚོ་བ་ཡང་དེ་ཚོའི་ཐད་ནས་འགྱུར་ལྡོག་ཆེན་པོ་འབྱུང་ངེས་ཡིན།

Gལྔ

   Gལྔ་ཚན་རྩལ་ང་ཚོའི་འཚོ་བ་ནང་ལ་ཁྱབ་བཞིན་ཡོད། ད་ལྟ། རང་རྒྱལ་གྱི་ཞིང་ཆེན་དང་གྲོང་ཁྱེར25ལྷག་ཙམ་གྱིསGལྔ་དྲ་བ་ཚོད་ལྟ་བྱེད་བཞིད་ཡོད། Gལྔ་ཁ་པར་ཡང་ལོ་སྨད་ནས་ཚོང་རར་འཚོང་འགོ་ཚུགས་རྒྱུ་དང་། སང་ལོ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཁྱོན་ཆེན་པོར་ཚོང་རར་འགྲེམ་རྒྱུ་རེད།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

ཨང་ཁྱེར་དྲྭ་བརྗེ།

   ད་ལོའི་ལོ་མཇུག་ལ་ཁ་པར་སྤྱོད་མཁན་ཚང་མས་རང་མོས་ཀྱིས་ཨང་ཁྱེར་དྲྭ་བརྗེ་བྱེད་ཆོག་པ་རེད། ཁ་པར་འཛད་སྤྱོད་སྡེབ་རིན་ཚད་ལྡན་བྱས་ཏེ་འཛད་སྤྱོད་གྲོན་དངུལ་དངོས་སུ་བཅག་ཐུབ་པ་དང་འཛད་སྤྱོད་པས་འཛད་སྤྱོད་གནས་ཚུལ་ཕར་ལྟ་ཚུར་གསལ་ཡོང་བ་བྱ་རྒྱུ།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

རྒན་གསོ།

   ད་ལོའི་ཁེ་ལས་དང་ལས་ཁུངས། དོན་ལས་སྡེ་ཚན་གྱི་ལས་བསྐྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་བརྒྱ་ཆ5ཙམ་འཕར་བ་བྱ་རྒྱུ། ཉིན་མོ་ལྟ་སྐྱོང་དང་ལུས་གསོའི་བདག་སྐྱོང་། བྱ་སྤྱོད་དང་བཟའ་བཅའི་རོགས་རམ་སོགས་སྣེ་མང་ཅན་གྱི་སྡེ་ཁུལ་ཞབས་ཞུ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། སྡེ་ཁུལ་མང་ཚོགས་རྣམས་ཀྱིས་ཉེ་སར་སྟབས་བདེ་དང་སྤུས་ཚད་མཐོ་བའི་རྒན་གསོ་བྱིས་སྐྱོང་ཞབས་ཕྱི་ལོངས་སྤྱོད་དུ་འཇུག་དགོས། ཕྱིན་ཆད་ལོ3དང5ཡི་རྗེས་སུ། ཀུན་ཕན་རང་བཞིན་ལྡན་པའི་རྒན་གསོ་ཉལ་ཁྲི་ཁྲི་བརྒྱ་ལྷག་ཙམ་བསྣན་རྒྱུ་རེད།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

སྡོད་ཁང་།

   ན་ནིང་ནས་བཟུང་། ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་བྱུང་ཡོད། 2019ལོར་ས་ཁང་བདག་ཁོངས་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་ཡུན་ཕན་ནང་སྲོལ་གྱི་ལས་དོན་འཆར་གཞི་དེ་མུ་མཐུད་ནས་ལག་བསྟར་བརྟན་པོ་བྱ་དགོས་པ་དང་། ཁང་པ་ནི་རང་གི་འདུག་ས་ཡིན་པ་ལས་ཧོབ་ཚོང་བྱེད་ཡས་མིན་པ་རྒྱུན་འཁྱོངས་བྱ་རྒྱུ།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

ཀུན་ཕན་ཅན་གྱི་བྱིས་སློབ་ཁང་།

   ཕྱིན་ཆད་ལོ3དང5ཡི་རྗེས་སུ། བྱིས་སློབ་ཁང་གི་བསླབས་གནས་ནུས་པ་ཁྱོན་ཡོངས་ནས་ཁེབས་ཐུབ་པ་བྱ་དགོས། དེའི་ནང་དུ་ཀུན་ཕན་ཅན་གྱི་བྱིས་སློབ་ཁང་བརྒྱ་ཆ80ཡན་ཡོད་དགོས། བྱིས་པ་ལྟ་སྐྱོང་ཞབས་ཕྱི་འཕེལ་རྒྱས་བཏང་ནས་དཔེ་སྟོན་ཅན་གྱི་བཅོལ་གསོ་ཞབས་ཕྱིའི་ལས་ཁུངས་ཤིག་མགྱོགས་སུ་སྐྲུན་པར་རྒྱབ་སྐྱོར་བྱ་དགོས།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

སློབ་མའི་ཁུར་པོ་ཡང་དུ་གཏོང་བ།

  སློབ་གྲྭ་ཕྱིའི་ལུགས་དང་མི་མཐུན་པའི་གསོ་སྦྱོང་ལ་དག་ཐེར་བཅོས་སྐྱོང་བྱས་ཏེ། ཕྱོགས་བསྡུས་བཅོས་སྐྱོང་གིས་དྲྭ་ཐོག་གསོ་སྦྱོང་ལ་རྡུང་རྡེག་དྲག་པོ་གཏང་དགོས། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཁུར་པོ་ཡང་དུ་གཏོང་ཞིང་། སློབ་གྲྭས་སློབ་མ་རྨང་གཞི་ཡོད་པ་རྐྱང་པའི་སློབ་ཁྲིད་ལ་ཚོད་འཛིན་བྱ་དགོས།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

སྐྱེ་བོ་ལོ་ན་མ་སོན་པ་སྲུང་སྐྱོང་བྱེད་པ།

   སློབ་གྲྭའི་བདེ་འཇགས་ཀྱི་གནད་དོན་ལ་དམིགས་ནས། སློབ་གསོ་སྡེ་ཁག་གིས་སྤྱི་བདེ་པུའུ་དང་མཉམ་འབྲེལ་བྱས་ཏེ་སློབ་གྲྭའི་བདེ་འཇགས་སྲུང་བའི་བྱེད་སྒོ་སྤེལ་རྒྱུ་རེད། ཁྲིམས་འཛིན་གྱི་ཁྱབ་ཁོངས་ཁྲོད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལོ་ན་མ་སོན་པའི་སྐྱེ་བོས་བྱས་ཉེས་དང་ནོར་འཁྲུལ་བཟོ་བར་རིམ་པ་བགོས་ནས་ཐག་གཅོད་བྱ་རྒྱུ་དང་བྱས་ཉེས་དང་ནོར་འཁྲུལ་བཟོ་ཉེན་ཡོད་པར་སྔོན་འགོག་གི་ལམ་ལུགས་བཟོ་རྒྱུ། སྐྱེ་བོ་ལོ་ན་མ་སོན་པས་བྱས་ཉེས་དང་ནོར་འཁྲུལ་བཟོ་བར་སློབ་གསོ་བློ་འགུག་གི་བྱེད་ཕྱོགས་ལག་བསྟར་བྱེད་ཅིང་། དོ་དམ་ནན་པོ་བྱ་དགོས་ལ་བརྩེ་བ་ཆེན་པོའང་བཅང་དགོས། གུ་ཡངས་གཏོང་ཆོག་ལ་རྒྱ་ཡན་དུ་གཏོང་མི་རུང་།

   སྨན་བཅོས།

   གྲོང་ཡུལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་ཉེན་སྐྱོབ་དང་ནད་ཆེན་ཉེན་སྐྱོབ་ཀྱི་འགན་སྲུང་ཆུ་ཚད་མུ་མཐུད་དེ་མཐོ་རུ་གཏོང་བ་དང་། གྲོང་མིའི་སྨན་བཅོས་ཉེན་སྐྱོབ་ཀྱི་མི་རེའི་ཆ་སྙོམས་ནོར་སྲིད་ཁ་གསབ་ཚད་གཞི་དེ་སྒོར30བསྣན་པ་དང་དེའི་ཕྱེད་ཀ་ནད་ཆེན་ཉེན་སྐྱོབ་ཐད་སྤྱད་རྒྱུ་རེད། ནད་ཆེན་ཉེན་སྐྱོབ་ཀྱི་ཐོག་མའི་གཏོང་སྤྲོད་ཚད་གཞི་དམའ་རུ་གཏོང་དགོས་པར་མ་ཟད་གཅིག་གྱུར་གཏང་དགོས། འགྲོ་སོང་རྩིས་ཞུ་བསྡུར་ཚད་བརྒྱ་ཆ50ནས་བརྒྱ་ཆ60བར་མཐོ་རུ་གཏང་རྒྱུ། གཞན་ཡང་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙིའི་ནད་སོགས་སྒོ་བསྟེན་སྨན་བཅོས་ཀྱི་སྨན་རྫས་དག་སྨན་བཅོས་ཉེན་སྐྱོབ་ཀྱི་འགྲོ་སོང་རྩིས་ཞུ་ནང་ཚུད་པ་བྱ་རྒྱུ་རེད།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

ལས་ཞུགས།

   2019ལོར་ལས་ཤོར་ཉེན་སྐྱོབ་ཀྱི་ཐེབས་རྩ་ནས་ལྷག་དངུལ་སྒོར་དུང་ཕྱུར1000བླངས་ཏེ། ལས་བཟོ་པ་ཁྲི1500ཡན་ལ་ནུས་རྩལ་དང་ལས་བསྒྱུར་གསོ་སྐྱོང་སྦྱོང་བརྡར་ཐད་སྤྱད་རྒྱུ་རེད། ད་ལོར་མཐོ་རིམ་སློབ་གླིང་གིས་གཞི་ཁྱོན་ཆེན་པོས་སློབ་མ་ཁྲི100བསྡུ་རྒྱུ་དང་། མཐོ་འབྲིང་ཐོན་མ་ཐག་པའི་སློབ་མ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི།ལས་བྲལ་བཟོ་པ། ཞིང་པ་ལས་མི་བཅས་ཀྱིས་རྒྱུགས་སྤྲོད་པར་སྐུལ་མ་བཏང་། འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་བསླབས་འབྲས་གཟེངས་དངུལ་ཐེབས་རྩ་འཛུགས་རྒྱུ་རེད།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

གྲོང་ཡུལ་དར་རྒྱས་གཏོང་བ།

   ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར70བླངས་ནས། དུད་ཚང་ཁྲི1000གི་ཆབ་ཁང་བསྒྱུར་བཀོད་བྱ་རྒྱུ་དང་། ཞིང་སྡེའི་ཆུ་མགོ་གསོ་ས12000ལ་སྒྲིག་བཅོས་བྱེད་པ། མ་མཐའ་ཡང་གྲོང་ཚོ3000ལ་ལྐོག་ཞིབ་བྱས་ནས། ཀྲུང་གོའི་ཞིང་སྡེ་མི་འབོར་ཁྲི6000གི་འཐུང་ཆུ་དཀའ་བའི་གནད་དོན་ཐག་གཅོད་བྱ་དགོས། དབུལ་ཕོངས་ས་ཁུལ་གྱི་ཡུལ་ཐོན་ཁྱད་རྫས་འཚོང་རྒྱུར་སེམས་ཁྲལ་བྱེད་མི་དགོས་པ་འགན་སྲུང་བྱེད་ཆེད། ཞིང་པའི་ཡོང་འབབ་འཕར་བའི་ཐབས་ལམ་མང་དུ་གཏོང་བ་དང་། ད་ལོ་ད་དུང་རྒྱལ་ཁབ་རིམ་པའི་ཆ་རྐྱེན་འཛོམས་པའི་རྫོང་དབུལ་པོའི་དྲྭ་ཐོག་ཚོང་དོན་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱ་རྒྱུ། མ་རྨོས་ལོ་ཏོག་དང་སྲན་མ་ཐོན་སྐྱེད་བྱེད་མཁན་ལ་ཁ་གསབ་རོགས་དངུལ་སྟེར་རྒྱུ་དང་འབྲས་ཀྱི་ཉོ་གོང་དམའ་ཤོས་སྲུང་འཛིན་བརྟན་པོ་བྱ་དགོས།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

དབུལ་སྐྱོར།

   ཞིང་སྡེའི་དབུལ་ཕོངས་མི་འབོར་ཁྲི1000ཡན་ཉུང་དུ་གཏོང་བ་དང་། གྲོང་མིའི་ཡོང་སྒོ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་སྤྱིའི་ཆ་ནས་འདྲ་མཚུངས་ཡིན་པ། དབུལ་ཕོངས་རྫོང་དང་གྲོང་ཚོའི་དབུལ་པོ་དབུལ་རྐྱང་གི་མི་འབོར་གྱི་གྲངས་ཀ་དེ་དབུས་རྒྱུད་ས་ཁུལ་ལ་བརྒྱ་ཆ2དང་ནུབ་རྒྱུད་ས་ཁུལ་ལ་བརྒྱ་ཆ3མན་དུ་ཆག་པར་བྱ་རྒྱུ། 2020ལོར་སླེབས་དུས་ཁྱིམ་ཚང་དབུལ་པོའི་ཡོང་འབབ་སྒོར4000ཡས་མས་བསླེབས་པར་མ་ཟད། ལྟོ་གོས་སེམས་ཁྲལ་མེད་པ། གཞི་རྩའི་སྨན་བཅོས་དང་འོས་འགན་སློབ་གསོ། ཉེན་མེད་སྡོད་ཁང་བཅས་ལ་འགན་ལེན་ཡོད་པ་བྱ་དགོས།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

འགྲུལ་སྐྱོད།

   2020ལོར་རྒྱལ་ཡོངས་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་མཐའ་མཚམས་ཀྱི་དངུལ་ལེན་ས་ཚུགས་ཧ་ལམ་མེད་པར་བཟོས་ཏེ་འཁོར་རིགས་བསྡད་མི་དགོས་པ་གྲོན་དངུལ་མགྱོགས་པ་བསྡུ་ཐུབ་པ་བྱ་རྒྱུ། དྲྭ་ཐོག་གླ་འཁོར་ཆེད་འབོད་བྱེད་ཚེ་བདེ་འཇགས་ཨང་དང་པོར་གཞག་དགོས། ད་ལོའི་གནམ་གྲུ་འཕུར་རེས་རྒྱུན་ལྡན་ཡིན་ཚད་བརྒྱ་ཆ80ཡན་སྲུང་འཛིན་བྱ་རྒྱུ། དམངས་སྤྱོད་མཁའ་འགྲུལ་ཞབས་ཞུའི་སྤུས་ཚད་ལྟ་སྐུལ་ཁ་པར་ཨང་གྲངས12326དེ་སྤྱི་ཟླ3པའི་ཚེས15ཉིན་ནས་སྤྱོད་འགོ་ཚུགས་ཡོད།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

ཡུལ་སྐོར།

   ལོ་གཉིས་ཀྱི་ནང་དུ་ཡུལ་སྐོར་ཆབ་ཁང་ཉུང་བ་དང་ཡང་ན་བཙོག་པ་ཡིན་པའི་གནད་དོན་ཐག་གཅོད་ཧ་ལམ་ཐུབ་པ་བྱ་རྒྱུ། Aལྔ་རིམ་པའི་ལྗོངས་ཁུལ་དང་སྐར་རིམ་འགྲུལ་ཁང་ལ་འགྱུར་ཚུལ་ཅན་གྱི་དོ་དམ་བྱ་རྒྱུ་དང་ཕྱིར་འཐེན་ནང་སྲོལ་འཐུས་ཚང་དུ་གཏང་རྒྱུ།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

ཉེན་མེད་བཟའ་བཅའ་སྨན་རྫས།

   ཉེན་མེད་བཟའ་བཅའ་ལ་ཚད་གཞི་ཆེས་གཟབ་ནན་དང་ལྟ་སྐུལ་དོ་དམ་ཆེས་ནན་པོ། ཆད་གཅོད་ཆེས་ནན་པོ།འགན་འདྲི་ཆེས་ནན་པོ་བཅས་ཆེས་ནན་པོ་བཞི་ལག་ལེན་བསྟར་དགོས། ཁྲིམས་འགལ་གྱི་མ་རྩ་ཆེས་ཆེར་བཏང་ནས་རྫུན་བཟོ་དང་རྫུན་ཚོང་བྱེད་མཁན་རྣམས་རྒྱུ་ཟད་ཁྱིམ་ཐོར་ཡོང་དུ་བཅུག་དགོས། ཉེན་མེད་བཟའ་བཅའ་དང་སྨན་རྫས་ཁྱབ་ཁོངས་ཀྱི་ཁྲིམས་འཛིན་ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏང་རྒྱུ། ཉེན་མེད་བཟའ་བཅའ་དང་སྨན་རྫས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་འཐུས་ཚང་དུ་བཏང་སྟེ། བཅའ་ཁྲིམས་ཀྱི་རྔམ་ཟིལ་ཇེ་ཆེར་གཏང་དགོས།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

འཛད་སྤྱོད།

   འཛད་སྤྱོད་ལ་སྐུལ་སྤེལ་གཏང་རྒྱུ་དང་། རྐང་ཐང་ཁྲོམ་ལམ་ཚན་པ་ཞིག་བསྒྱུར་བཀོད་རིམ་སྤར་བྱས་ཏེ་འཛད་སྤྱོད་མཐོ་རིམ་གྱི་སྟེགས་བུ་བསྐྲུན་དགོས། སྟབས་བདེ་ཟ་ཁང་དང་ཚོང་ཁང་ཟོང་རྟགས་ཅན་དང་རྒྱུད་འབྲེལ་ཅན་དུ་བསྐྲུན་རྒྱུ་རྒྱབ་སྐྱོར་བྱ་དགོས། གྲོང་ཡུལ་གྱི་འཛད་སྤྱོད་རྒྱ་སྐྱེད་གཏོང་བ་དང་། ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་འདྲེན་ནས་ཞིང་པའི་ཡོང་འབབ་ཇེ་མང་དུ་གཏོང་ཞིང་འཛད་སྤྱོད་ནུས་པ་ཇེ་ཆེར་གཏང་དགོས། བཟོ་ལས་ཐོན་རྫས་གྲོང་ཡུལ་དུ་འདྲེན་ནས་ཞིང་པས་སྤུས་དག་གོང་ཁེའི་བཟོ་ལས་ཐོན་རྫས་ཉོ་ཐུབ་པར་བྱ་དགོས། གློག་རྡུལ་ཚོང་ལས་ཞིང་སྡེར་སྤེལ་ཞིང་གྲོང་ཁྱེར་དང་གྲོང་ཡུལ་གྱི་ཁྲོམ་ར་འབྲེལ་མཐུད་བྱས་ཏེ་འཁོར་རྒྱུག་འགྲོ་ལམ་ཐོགས་མེད་བྱ་དགོས།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

དཔྱ་ཁྲལ་དང་གྲོན་དངུལ་གཅག་པ།

   ད་ལོར་ཁེ་ལས་ཀྱི་དཔྱ་ཁྲལ་དང་སྤྱི་ཚོགས་འགན་སྲུང་གྲོན་དངུལ་སྒོར་དུང་ཕྱུར་ཁྲི2གཅག་རྒྱུ། དཔེར་ན་འཕར་ཐང་དཔྱ་ཁྲལ་གྱི་ཁྲལ་ཚད་ཇེ་དམའ་གཏོང་བ་དང་ལས་ཁུངས་ཀྱིས་སྤྲད་དགོས་པའི་གྲོང་རྡལ་ལས་བཟོའི་གཞི་རྩའི་རྒན་གསོའི་ཉེན་སྐྱོབ་ཀྱི་སྤྲོད་དངུལ་བསྡུར་ཚད་དམའ་རུ་གཏང་རྒྱུ། དེ་མིན་གློག་རིན་དང་དྲ་རིན། ལམ་རིན་བཅས་གཅག་རྒྱུ་ཡིན་པ་རེད།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

ཁོར་ཡུག་བཅོས་སྐྱོང་།

   ད་ལོར་དམག་འཐབ་བདུན་བརྒྱག་རྒྱུ་ཡོད་པ་སྟེ། དགུང་ཨ་སྔོན་སྲུང་བའི་དམག་འཐབ་དང་། བད་སྣུམ་ཟོང་འཁོར་གྱི་སྦགས་བཙོག་བཅོས་སྐྱོང་།འབྲི་ཆུ་ཉམས་གསོ་སྲུང་སྐྱོང་། པའོ་མཚོ་ཕྱོགས་འདུས་བཅོས་སྐྱོང་། གྲོང་ཁྱེར་གྱི་ཆུ་བཙོག་བཅོས་སྐྱོང་། ཆུ་ཁོངས་གསོ་ས་སྲུང་སྐྱོང་སོགས་རེད། དེའི་ནང་དུ་འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་དེ་ད་ལོའི་དམངས་ཆེན་ཁྲིམས་འཛུགས་ཀྱི་འཆར་གཞིའི་ནང་ཚུད་ཡོད་པ་རེད། ཕྱི་རྒྱལ་གྱི་གད་སྙིགས་ལྐོག་འདྲེན་བྱེད་པར་རྡུང་རྡེག་གཏང་རྒྱུ། མཚོ་འགག་སྤྱི་ཁྱབ་ཁང་གིས་ད་ལོར་ཆེད་དོན་བྱ་སྤྱོད་སྤེལ་འགོ་ཚུགས་རྒྱུ་རེད།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

གད་སྙིགས་རིགས་བགོས།

   ད་ལོ་ནས་བཟུང་། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་དུ་གད་སྙིགས་རིགས་བགོས་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་རྒྱུ་རེད།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

ཡིད་རྟོན་འཛུགས་སྐྱོང་།

   སྦགས་བཙོག་བཅོས་སྐྱོང་གི་ཁྱབ་ཁོངས་སུ་ད་ལོར་ལྟ་ཞིབ་ཚད་ལེན་གྱི་དན་གྲངས་རྫུན་མ་བཟོ་མཁན་རྩ་མེད་གཏང་དགོས། སྨན་བཅོས་ཁྱབ་ཁོངས་སུ་ད་ལོར་སྨན་བཅོས་ཉེན་སྐྱོབ་ཀྱི་དངུལ་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་གཏང་རྒྱུ། ཁ་དན་ཚིག་ལ་མི་གནས་པའི་བྱ་སྤྱོད་ལ་རྡུང་རྡེག་དང་ཚིག་ཐོག་མི་གནས་པའི་མིར་ཆད་གཅོད་བྱ་རྒྱུ་རེད།


ད་ལོར་ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་འདི་འདྲ་ཡོད།

  • ལེ་ཚན་སྔོན་མ།:གཞས་ཀྱི་ཆོལ་ཁ་འབའ་ཐང་གི་འཕེལ་རིམ་གྱི་མཆོར་ཉམས།
  • ལེ་ཚན་རྗེས་མ།:སེར་ཤུལ་ཁྲོམ་གཟའ་གོང་མར་རྒྱལ་སྤྱིའི་གལ་ཆེའི་འདམ་རའི་དཔང་ཡིག་ཐོབ་ནས་རང་ཁུལ་གྱི་རྒྱལ་སྤྱིའི་འདམ་ར་ཐོག་མར་གྱུར།
  • དོ་སྣང་ཆེ་བའི་རྩོམ།