《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་དེ་བཀོད།

        2019-03-25

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་བཏང་ནས་ཀུན་འདུས་འཕྲིན་སྦྱོར་གྱི་ཁྱབ་སྒྲོག་རྣམ་པ་ཆགས་པ་བྱ་དགོས》ཞེས་པའི་གསུང་རྩོམ་གལ་ཆེན་དེ་བཀོད།

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཟླ3ཚེས16ཉིན《བདེན་འཚོལ》དུས་དེབ་འདོན་ཐེངས་དྲུག་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་བཏང་ནས་ཀུན་འདུས་འཕྲིན་སྦྱོར་གྱི་ཁྱབ་སྒྲོག་རྣམ་པ་ཆགས་པ་བྱ་དགོས།》ཞེས་པའི་གསུང་རྩོམ་གལ་ཆེན་དེ་བཀོད་པ་རེད།

    ཞི་ཅིན་ཕིང་གིས་གསུང་རྩོམ་ནང་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀུན་འདུས་འཕྲིན་སྦྱོར་འཛུགས་རྒྱུ་ནི་ང་ཚོར་འཕྲད་པའི་ཁ་ཚ་དགོས་གཏུག་གི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པས། ཆ་འཕྲིན་གསར་བརྗེའི་གྲུབ་འབྲས་བཀོལ་སྤྱོད་བྱས་ནས་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཙོ་རྒྱུན་གླེང་ཕྱོགས་སྟོབས་ལྡན་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་ཡུལ་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཕྱིར་བསམ་པའི་སྟོབས་ཤུགས་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་བྱ་དགོས་ཞེས་ནན་གསུང་གནང་ཡོད་པ་རེད།

    ཞི་ཅིན་ཕིང་གིས་གསུང་རྩོམ་ནང་བསྟན་དོན། ཀུན་འདུས་འཕྲིན་སྦྱོར་དུས་རབས་ཀྱི་འགྲན་སློང་དང་གོ་སྐབས་ལ་ངོས་འཛིན་གཏིང་ཟབ་བྱ་དགོས་ཤིང་། དྲིན་བསྒྲགས་བསམ་བློའི་ལས་དོན་ཐད་བབ་བསྟུན་དོན་གཉེར་བ་དང་། བབ་བསྟུན་བྱ་སྤྱོད་སྤེལ་བ། བབ་དང་མཐུན་པ་བཅས་བྱེད་པ་དང་། འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས་གཙོ་རྒྱུན་འཕྲིན་སྦྱོར་ལ་བརྒྱུད་བསྒྲགས་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། སྤྱི་མོས་ཐོབ་ཚད་བཅས་ཇེ་དྲག་ཏུ་འགྲོ་བ་དང་དྲ་ཐོག་དང་དྲ་འོག་གཉིས་ཀར་སེམས་པ་གཅིག་མཐུན་ཡོང་བར་བྱས་ནས་། མི་དམངས་ཡོངས་ཀྱིས་ཕུགས་འདུན་དང་དད་སེམས། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་འདུ་ཤེས་བཅས་ཀྱི་ཐད་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་དྲང་བདེན་གྱི་ནུས་པ་དེ་བས་ཆེར་གཏོང་དང་བརྗོད་དོན་གཙོ་བོ་དེ་བས་དྲིལ་བསྒྲགས་བྱ་དགོས།

    ཞི་ཅིན་ཕིང་གིས་གསུང་རྩོམ་ནང་དུ་ནན་གསུང་གནང་དོན། འཕྲིན་སྦྱོར་མཉམ་འདྲེས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་། གཞི་གཅིག་ཏུ་འདྲེས་པ་དང་གཉིས་འདྲེས་གཅིག་འགྱུར་གྱི་ཀུན་འདུས་འཕྲིན་སྦྱོར་གྱི་བརྒྱུད་བསྒྲགས་རྣམ་པ་ཇེ་མགྱོགས་སུ་གཏོད་དགོས། དྲང་བདེན་ནུས་པ་ནི་སྤྱིའི་བླང་བྱ་དང་། དོ་དམ་ནི་ལྡོག་མེད་ཀྱི་གནས་ལུགས། སྤྱོད་བདེ་བ་ནི་འཇོན་ཐང་དངོས་བཅས་ཡིན་པས། རྩེ་རིམ་ཇུས་འགོད་ཡག་པོ་བྱེད་པ་དང་། བརྒྱུད་བསྒྲགས་ལས་སྟེགས་དཔེ་གསར་གཏོད་པ། གཙོ་རྒྱུན་འཕྲིན་སྦྱོར་དཔེ་གསར་འཛུགས་པ། གཙོ་རྒྱུན་རིན་ཐང་གི་ཤུགས་རྐྱེན་ཐེབས་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་གི་གསུང་སྒྲ་ཁྱབ་ཁྱོན་སྔར་ལས་ཡངས་སུ་གཏང་དགོས། དར་ཆ་གསལ་སྟོན་གྱིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་སྟོན་ཕྱོགས།རིན་ཐང་ལྟ་བ་འཛིན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཐོག་འདུ་ཤེས་དང་ནང་དོན། རྣམ་པ། བྱེད་ཐབས་སོགས་གསར་གཏོད་བྱས་ཏེ། དྲང་ཕྱོགས་དྲིལ་བསྒྲགས་ཀྱི་སྤུས་ཚད་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏང་དགོས། གཙོ་རྒྱུན་འཕྲིན་སྦྱོར་གྱིས་དངོས་ཡོད་ཡིན་པ་དང་ལྟ་བ་མངོན་གསལ་དོད་པོའི་ཆ་འཕྲིན་ནང་དོན་དུས་ཐོག་ཏུ་མཁོ་འདོན་བྱས་ནས། གླེང་ཕྱོགས་ཀྱི་རང་འགུལ་དབང་ཆ་དང་གཙོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ་བྱ་དགོས། ཀུན་འདུས་འཕྲིན་སྦྱོར་གྱི་བརྒྱུད་བསྒྲགས་ཁྲིམས་སྐྱོང་གི་ལམ་དུ་འཁོར་སྐྱོད་ཐུབ་པར་བྱས་ཏེ། ལག་རྩལ་ལ་བརྟེན་ནས་དྲྭ་རྒྱ་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འཕྲིན་སྦྱོར་དང་འབྲེལ་འདྲིས་བྱེད་པའི་འཇོན་ཐང་ཇེ་དྲག་ཏུ་བཏང་ནས་རྒྱལ་སྲིད་སྐྱོང་བའི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གི་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྐོར་གྱི་གསུང་ཚིག་གྲགས་ཅན་མ།
  • ལེ་ཚན་རྗེས་མ།:སྟོབས་རྒྱལ་གྱིས་རྒྱལ་སྤྱིའི་འགྲན་སྡུར་འདིའི་ཨང་དང་པོ་བླངས་འདུག
  • དོ་སྣང་ཆེ་བའི་རྩོམ།