གསེར་ཐར་རྫོང་དངུལ་རྩ་ལས་ཁུངས་ཀྱིས་གཞི་རིམ་མང་ཚོགས་ལ་དངུལ་རྩའི་ཞབས་ཕྱི་སྒྲུབ།

ཀུན་དབང་།        2019-03-20

    རྫོང་ཐོག་ལ་སོང་ནས་ཡིད་རྟོན་བྱང་བུ་ལས་བསམ་རུང་འགྲོ་འོང་སྟབས་མི་བདེ་བའི་རྐྱེན་གྱིས་འགོར་འགྱངས་བྱས་སོང་། དེ་རིང་ཡུལ་ཚོ་ནས་ལས་སླ་པོའི་སྒོས་ལེན་ཐུབ་བྱུང་ཞེས་གོ་ལ་ཐང་གྲོང་སྡེའི་ཨ་ཕྱི་ཨ་མོས་དགའ་སྤྲོའི་ངང་ནས་སྨྱུག་འཛིན་པར་དེ་ལྟར་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཚོགས་འགན་ལེན་བྱང་བུ་ཡོངས་ཁྱབ་གཏང་རྒྱུའི་བླང་བྱ་དང་བསྟུན་ནས་གསེར་ཐར་རྫོང་གི་གཏན་འཁེལ་སྒྲུབ་ས་དང་སྐོར་སྐྱོད་དངུལ་རྩའི་ཞབས་ཞུ་རླངས་འཁོར་ཟུང་འབྲེལ་བྱེད་པའི་ཞབས་ཕྱིའི་རྣམ་པ་སྤྱོད་ནས། སྐོར་སྐྱོད་རླངས་འཁོར་སྟབས་བདེ་བ། སྐབས་བསྟུན་ཡིན་པ་སོགས་ཀྱི་ཁྱད་ཆོས་བེད་སྤྱོད་བྱས་ནས་སྐོར་སྐྱོད་དངུལ་ཁང་རླངས་འཁོར་ཡུལ་སྡེར་བསྐྱོད་པའི་བྱེད་སྒོ་སྤེལ་བ་རེད།

    རྫོང་ཡིད་རྟོན་དངུལ་ཁང་གི་ཀྲུའུ་རེན་ཞུའུ་ཏའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། སྐོར་སྐྱོད་རླངས་འཁོར་ནི་སྐོར་སྐྱོད་བྱས་པའི་དངུལ་རྩའི་དྲྭ་ཚུགས་ཞིག་ཡིན་པས། དངུལ་གསོ་འཇོག་དང་། དངུལ་བརྒྱུད་སྐུར། བྱང་བུའི་ནུས་པ་འདོན་རྒྱུ་སོགས་དངུལ་རྩའི་ཞབས་ཕྱི་མཁོ་འདོན་བྱེད་ཐུབ། དེ་ནི་དངུལ་ཁང་གི་དངུལ་རྩའི་ཞབས་ཕྱི་བྱེད་སྟངས་གསར་པ་ཞིག་ཡིན་ལ། ཧུར་ཐག་གིས་ཀུན་ཕན་དངུལ་རྩའི་བྱེད་སྒོ་ལག་ལེན་བྱེད་པའི་དོན་དངོས་ཀྱང་ཡིན། སྐོར་སྐྱོད་རླངས་འཁོར་གྱིས་ཡུལ་ཚོ་སོ་སོ་ནས་གནས་སྐབས་རང་བཞིན་གྱི་ཞབས་ཕྱི་ས་ཚུགས་བཙུགས་པ་དང་། གློག་ཀླད་གཉིས་ལ་བརྟེན་ནས་བྱང་བུའི་བདག་པོར་སྤྱི་ཚོགས་འགན་ལེན་བྱང་བུ་དངུལ་རྩའི་ནུས་པ་སྐུལ་སློང་བྱས།དུས་བསྟུན་དུ་ལས་སྒྲུབ་མི་སྣས་དངུལ་རྩའི་ཤེས་བྱའི་ཀློག་དེབ་འདོན་སྤེལ་བྱས་ནས། ཞིང་འབྲོག་མང་ཚོགས་ལ་སྤྱི་ཚོགས་འགན་སྲུང་བྱང་བུའི་ལས་སྒོའི་སྤྱོད་ནུས་སོགས་གསལ་མོ་བཤད། སྐོར་སྐྱོད་དངུལ་ཁང་རླངས་འཁོར་ཡུལ་སྡེ་ནང་དུ་སྐྱོད་པ་དེ་ཞིང་འབྲོག་མང་ཚོགས་ལ་ཆ་མཚོན་ན་དངུལ་ཁང་ཞབས་ཕྱིའི་རྣམ་པ་གསར་པ་ཞིག་ཡིན་པས་དོན་དངོས་ཐོག་ཕན་ནུས་སྐྲུན་ཆོག་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། བྱེད་སྒོ་འདི་དག་ནི་གོ་ལ་ཐང་། རྒྱ་ཤོད། སྦོ་མདའ་སོགས་སུ་སྤེལ་ཡོད། གསེར་ཐར་རྫོང་དངུལ་རྩའི་དངུལ་ཁང་གིས་སྤྱི་ཚོགས་འགན་ལེན་བྱང་བུ28700ལས་ཚར་ཡོད་ལ། དྲྭ་ཚུགས་དང་སྐོར་སྐྱོད་རླངས་འཁོར་སོགས་ལ་བརྟེན་ནས་འགན་ལེན་བྱང་བུ10800ཡི་ནུས་པ་བཏོན་ཐུབ་ཡོད། ཕྱིན་ཆད་སྐོར་སྐྱོད་རླངས་འཁོར་ནི་མུ་མཐུད་ནས་ཡུལ་ཚོ་སོ་སོར་སོང་ནས་མང་ཚོགས་ལ་སྟབས་བདེའི་ཞབས་ཕྱི་བསྒྲུབ་རྒྱུ་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:ཞིང་པ་ཚོས་དཔྱིད་རྨོད་ལ་བྲེལ་ནས་ལོ་ལེགས་ཐོབ་པར་རེ་སྒུག་བྱེད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་འགུལ་སྤོ་བྱེད་མི་རུང་བའི་རིག་གནས་ཤུལ་བཞག14ལ་ཞིང་ཆེན་སྲིད་གཞུང་གི་ཞིབ་བཤེར་ཆོག་མཆན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།