གོ་ཧྲིན་ཁུན་གྱིས་འགོ་འཛིན་བྱས་ཏེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུས།

        2019-03-19

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གོ་ཧྲིན་ཁུན་གྱིས་འགོ་འཛིན་བྱས་ཏེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་དེ་ལ་སློབ་སྦྱོང་བྱས་པ་དང་ལག་བསྟར་དང་དངོས་འབེབས་བྱ་བར་ཞིབ་འཇུག་བྱས། གོ་ཧྲིན་ཁུན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་དགོས་ལ། སྲུང་སྐྱོབ་གཉིས་ལེགས་སྒྲུབ་བྱེད་པ་དང་སྤྱོད་ཚུལ་སྔར་ལས་ལེགས་སྒྱུར་དང་དངོས་འབེབས་བྱ་བ་དམ་འཛིན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ནས་གྲུབ་འབྲས་ངོ་མ་ཐོབ་པར་བྱེད་དགོས་ཟེར།

གོ་ཧྲིན་ཁུན་གྱིས་བསྟན་དོན། བློ་ཐག་རྦད་ཆོད་སྒོས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་དམ་འཛིན་བྱས་ཏེ། སློབ་སྲོལ་ལེགས་བསྒྱུར་བྱེད་པ་དང་ཞིབ་བཤེར་དང་ཞིབ་འཇུག་བྱ་བ་ལེགས་བསྒྱུར་བྱེད་པ། རྩོམ་སྲོལ་དང་ཚོགས་སྲོལ་ལེགས་བསྒྱུར་བྱེད་དགོས། དངོས་འབེབས་དམ་འཛིན་བྱེད་པ་དེ་ཆབ་སྲིད་སྐྱོང་བར་ཐད་ཀར་དུ་ཞིབ་དཔྱོད་བྱེད་པར་བརྩིས་ཏེ། ཆབ་སྲིད་ཀྱི་རྣམ་འགྱུར་དྲང་བོ་དང་གནད་ཕིགས་ཀྱི་བྱ་བའི་བྱེད་ཐབས། ཡང་དག་པའི་སྐུལ་ལྕག་ཁྲིད་ཕྱོགས། གཟབ་ནན་གྱི་ལྟ་སྐུལ་ཞིབ་བཤེར་བཅས་ལ་བརྟེན་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་ཇི་བཞིན་དུ་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར། 


  • ལེ་ཚན་སྔོན་མ།:ཁྲོན་བོད་ལྕགས་ལམ་གྱི་ཕུག་ལམ་དང་ཟམ་ཆེན་ད་ལོར་འགོ་འཛུགས་གྲབས་ཡོད།
  • ལེ་ཚན་རྗེས་མ།:ད་ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར180བཏང་ནས་ཞིང་ལས་འཕྲུལ་ཆ་ཉོ་སའི་ཁ་གསབ་རོགས་དངུལ་བྱེད།
  • དོ་སྣང་ཆེ་བའི་རྩོམ།