ཨེ་ཤ་ཡའི་གློག་བརྙན་བྱ་དགའ་ཆེན་མོ་མི་འགྱང་བར་ཡོངས་བསྒྲགས་བྱ་རྒྱུ།

        2019-03-19

ཨེ་ཤ་ཡའི་གློག་བརྙན་བྱ་དགའ་ཆེན་མོ་མི་འགྱང་བར་ཡོངས་བསྒྲགས་བྱ་རྒྱུ།

ཨེ་ཤ་ཡའི་གློག་བརྙན་བྱ་དགའ་ཆེན་མོ་སྐབས་བཅུ་གསུམ་པའི་བྱ་དགའ་སྤྲོད་པའི་མཛད་སྒོ་མི་འགྱང་བར་སྤེལ་འཆར་ཡོད་པ་དང་། གློག་བརྙན་ལག་དམར་ལ་གློག་བརྙན་རྩེ་གྲ་དང་འཁྲབ་ཁྲིད་པ་རྩེ་གྲ། བརྙན་ལེན་པ་རྩེ་གྲ། རོལ་མོ་གསར་རྩོམ་རྩེ་གྲ་བཅས་ཡིན་པའི་བྱ་དགའ་ཆེན་མོ་བཞིའི་འོས་མིང་དུ་ཚུད་འདུག 

 ཐེངས་འདིར་བྱ་དགའི་འོས་མིང་དུ་ཚུད་ཡོད་པའི་གློག་བརྙན་གཞན་དག་ནི《རྐུན་མའི་ཁྱིམ་རྒྱུད》ཅེས་པ་དང《འབར་བ》《ང་ནི་སྨན་ལྷ་མིན》ཞེས་པ་སོགས་ནི་ཉིས་སྟོང་བཅོ་བརྒྱད་ལོའི་འཛམ་གླིང་གི་གློག་བརྙན་དུས་སྟོན་ཆེ་གྲས་ཁག་གི་སྟེང་བསྟན་པའི་གཞན་མཚུངས་མ་ཡིན་པའི་ཨེ་ཤ་ཡའི་གློག་བརྙན་ཡིན་པ་རེད།

  ཨེ་ཤ་ཡའི་གློག་བརྙན་བྱ་དགའ་ཆེན་མོ་ནི་ཉིས་སྟོང་བདུན་ལོར་བཙུགས་པ་ཡིན་ཞིང་། དེ་ནི་ཧང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་སྟོནHKIFFགཙོ་སྒྲུབ་བྱས་པའི་ཨེ་ཤ་ཡའི་གློག་བརྙན་བྱ་དགའ་ཐོག་མ་ཡིན་ལ། ཉིས་སྟོང་བཅུ་བཞི་ལོ་ནས་འགོ་བརྩམས་ཏེ་བྱ་དགའ་སྟེར་བའི་རྣམ་པ་དེ་ཞང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་བསྒྱུར། ཧྥོ་ཧྲན་རྒྱལ་སྤྱའི་གློག་བརྙན་དུས་སྟོན་དང་། ཐཱོ་ཁྱོ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་བཅས་ཨེ་ཤ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གསུམ་གྱིས་མཉམ་འབྲེལ་བྱས་ནས་སྤེལ་གྱིན་ཡོད། ཐེངས་འདིའི་ཨེ་ཤ་ཡའི་གློག་བརྙན་བྱ་དགའ་ཆེན་མོ་ནི་སྤྱི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་ཧང་ཀང་ཅོན་ཨཱོ་བརྙན་འཕྲིན་གྲོང་ཁྱེར་ཞེས་པ་ནས་སྤེལ་འཆར་འདུག

  ཨེ་ཤ་ཡའི་གློག་བརྙན་བྱ་དགའ་ཆེན་མོ་ཡོངས་བསྒྲགས་བྱེད་ལ་ཉེ་བའི་བར་གླགས་འདིར། གློག་བརྙན《ལག་དམར》གྱི་འགྲེམ་པར་ཐོག་མ་ཁྱབ་བསྒྲགས་བྱས་པར་མ་ཟད། རྒྱལ་ཡོངས་ནས་གཟིགས་འབུལ་བྱ་རྒྱུའི་དུས་ཚོད་ཀྱང་སྤྱི་ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་གཏན་འཁེལ་བྱས་འདུག་པས། རྒྱ་ཆེའི་གཟིགས་མོ་བ་ཡོངས་ནས་ཐུགས་འཇགས་གནང་བར་འཚལ། 


  • ལེ་ཚན་སྔོན་མ།:ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཝེ་ནེ་ཙུའེ་ལཱའི་ཀྲིག་ཀྲང་བཞི་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་སྐབས་སུམ་ཅུ་བའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་བསྡུས་པར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
  • དོ་སྣང་ཆེ་བའི་རྩོམ།