ཁྲིམས་སྐྱོང་གི་བཀྲག་མདངས་འཚེར་ས་ཆེན་པོ་བཅུ།

ཡེ་ཤེས་ཀྱིས་བསྒྱུར།        2019-03-18

◆རུལ་སུངས་ལ་ངོ་རྒོལ། 

ཁྲིམས་ལྟར་སུན་ཀྲེང་ཚའེ་སོགས་ཀྱི་ལས་ཐོག་ཉེས་གསོག་ཚབས་ཆེན་གྱི་གྱོད་གཞིར་ཞིབ་གཅོད་བྱས་པ་དང་། ལས་ཐོག་ཉེས་གསོག་སྣ་ཚོགས་ལ་ཆད་པ་ནན་པོ་བཅད་པ།

◆ནག་སེལ་གཤེད་བཅོམ།

“ཡུལ་གྱི་གཤེད་མ”དང“གྲོང་ཁྱེར་གྱི་གཤེད་མར”ཆད་པ་ནན་པོ་བཅད་པ་དང་ནག་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་གྱོད་གཞི5489དང་མི་ཁྲི་2.9ཡི་ཞིབ་གཅོད་མཇུག་འགྲིལ་བ།

◆དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ།

བདག་དབང་དང་འབྲེལ་བ་ཡོད་པའི་མ་ཉེས་ཁ་གཡོགས་དང་ཁྲིམས་ཐག་གཅོད་ནོར་ཤོར་བའི་གྱོད་གཞི་ཁག་གཅིག་ཁྲིམས་ལྟར་ཞིབ་འབྱེད་བྱས་པ་དང་བསྐྱར་ཞིབ་དཔྱད་མཚམས་བསྒྱུར་ནས་ཀྲང་ཝུན་ཀྲུང་ལ་ཉེས་པ་མེད་པའི་གཏན་འཁེལ་བྱས་པ།

◆ཁོར་ཡུག་ཉེས་གསོག་ལ་ཆད་པ་ནན་པོ་བཅད་པ།

ཁོར་ཡུག་ཐོན་ཁུངས་ལ་གཏོར་བཤིག་གཏོང་མཁན་གྱི་ཉེས་གསོག་པ42195ཞུ་གཏུག་བྱས་པ་དང་ཁོར་ཡུག་སྦགས་བཙོག་གི་ཉེས་གསོག་གྱོད་གཞི2204ཡི་ཞིབ་གཅོད་མཇུག་འགྲིལ་བ།

◆དམངས་འཚོའི་ཁྱབ་ཁོངས་ཀྱི་ཉེས་གསོག་ལ་རྡུང་རྡེག་བཏང་བ།

དམངས་འཚོ་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཁྲི111.1གི་ཞིབ་གཅོད་མཇུག་འགྲིལ་བ་དང“གཡོ་ལེན་དངུལ་བུན”དང་འཕྲོད་སྦྱོར་དངོས་རྫས་ཀྱི་ཁ་བསླུས་སོགས་ཀྱི་ཉེས་གསོག་ལ་ཆད་པ་ནན་པོ་བཅད་པ།

◆དྲྭ་རྒྱའི་ཉེས་གསོག་ལ་ཆད་པ་ནན་པོ་བཅད་པ།

གློག་འཕྲིན་དང་དྲྭ་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་པ43929ཞུ་གཏུག་བྱས་པ་དང་མི་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་གཏོང་བ་སོགས་ཀྱི་ཉེས་གསོག་ལ་རྡུང་རྡེག་ནན་པོ་བཏང་བ།

◆མ་ཉེས་ཁ་གཡོགས་དང་ཁྲིམས་ཐག་གཅོད་ནོར་ཤོར་བའི་གྱོད་

གཞི་ཡོ་བསྲང་དང་མ་ཐོན་སྔོན་འགོག་བྱས་པ།

“ཀྲོའུ་ལྔའི་མི་གསོད་གྱོད་གཞི”སོགས་མ་ཉེས་ཁ་གཡོགས་དང་ཁྲིམས་ཐག་གཅོད་ནོར་ཚབས་ཆེན་ཤོར་བའི་གྱོད་གཞིར་ཁྲིམས་ལྟར་ཡོ་བསྲང་བྱས་པ།

◆བཟའ་བཅའ་དང་སྨན་རྫས་ཉེན་མེད་སྲུང་སྐྱོང་བྱས་པ།

སྨན་རྫུན་མ་དང་ལྷད་ཅན་དང་། དུག་ལྡན་དང་གནོད་འཚེ་ཆེ་བའི་བཟའ་བཅའ་སོགས་བཟོ་ཚོང་བྱེད་མཁན་ཉེས་གསོག་པ་མི་ཆིག་ཁྲི་ཡན་ཞུ་གཏུག་བརྒྱབ་པ་དང་རིམས་འགོག་སྨན་ཁབ་དང་འབྲེལ་བ་ཡོད་པའི་ཉེས་གསོག་ལ་ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་བ།

◆བུད་མེད་དང་བྱིས་པར་གནོད་འཚེ་བཏང་བའི་གྱོད་གཞིར་ཆད་པ་ནན་པོ་བཅད་པ།

བུད་མེད་དང་བྱིས་པར་དམིགས་པའི་རིགས་ཁག་གི་ཉེས་གསོག་ལ་ཆད་པ་ནན་པོ་བཅད་པ་དང་འབྲེལ་ཡོད་གྱོད་གཞི་ཁྲི2.7གྱི་ཞིབ་གཅོད་མཇུག་འགྲིལ་བ།

◆ཁྲིམས་འཛིན་དཀའ་བའི་གནད་དོན་བསལ་བ།

“སྤྱིར་ན་ལག་བསྟར་དཀའ་ཞིང་གནད་དོན་བསལ་བའི”དུས་མཚམས་རང་བཞིན་གྱི་དམིགས་ཚད་དེ་དུས་བཀག་ལྟར་ལེགས་གྲུབ་བྱུང་བ།


  • ལེ་ཚན་སྔོན་མ།:འགན་ལེན་བྱས་པའི་ས་རྒོད་སྟེང་གཏེར་ཁུངས་སྔོག་འདོན་བྱས་ན་ཆོག་གམ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།