2018ལོར་རང་རྒྱལ་གྱིས་ནགས་བཟོ་གཞི་ཁྱོན་བསྡོམས་འབོར་སྤྱི་ཆིང་ཁྲི707.4ལེགས་སུ་འགྲུབ།

ཡེ་ཤེས་ཀྱིས་བསྒྱུར།        2019-03-18

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ3པའི་ཚེས11འབྱོར་བའི་གཏམ་གསར། གོང་ཚེས་ཉིན་རྒྱལ་ཡོངས་ལྗང་འགྱུར་ཨུ་ལྷན་གཞུང་ལས་ཁང་གིས་ཁྱབ་བསྒྲགས་བྱས་པའི《2018ལོར་ཀྲུང་གོའི་རྒྱལ་ས་ལྗང་འགྱུར་གྱི་གནས་ཚུལ་སྤྱི་བསྒྲགས》ནང་ནས་མཚོན་དོན། 2018ལོར་རང་རྒྱལ་གྱི་རྒྱལ་ས་ལྗང་འགྱུར་བྱ་གཞག་ལ་གྲུབ་འབྲས་གསར་པ་ཐོབ་པར་བརྟེན། རྒྱལ་ཡོངས་ཀྱིས་ནགས་བཟོ་གཞི་ཁྱོན་བསྡོམས་འབོར་སྤྱི་ཆིང་ཁྲི707.4དང་ནགས་ཚལ་གསོ་སྐྱོང་བྱས་པའི་གཞི་ཁྱོན་སྤྱི་ཆིང་ཁྲི851.9ལེགས་སུ་འགྲུབ་ཡོད་པ་རེད།

   དུས་མཚུམས་སུ། ནགས་ལས་སྐྱེ་ཁམས་ལས་གྲྭའི་གོམ་སྟབས་བརྟན་པོས་ལག་ལེན་བྱེད་བཞིན་ཡོད་པ་རེད། རང་བྱུང་ནགས་ཚལ་ཐོན་ཁུངས་ཀྱི་སྲུང་སྐྱོང་ལས་གྲྭ་ཡིས་ནགས་བཟོའི་གཞི་ཁྱོན་སྤྱི་ཆིང་ཁྲི27.3ལེགས་སུ་འགྲུབ་པ་དང་རྗེས་གྲབས་ཐོན་ཁུངས་བསྒྱུར་བཀོད་གསོ་སྐྱོང་བྱས་པའི་གཞི་ཁྱོན་སྤྱི་ཆིང་ཁྲི11.2 ཤིང་སྡོང་ཆུང་ངུ་དང་འབྲིང་པོ་གསོ་སྐྱོང་བྱས་པའི་གཞི་ཁྱོན་སྤྱི་ཆིང་ཁྲི101.3 ནགས་ཚལ་དོ་དམ་དང་སྲུང་སྐྱོང་བྱས་པའི་གཞི་ཁྱོན་སྤྱི་ཆིང་དུང་ཕྱུར1.3བཅས་ལེགས་སུ་འགྲུབ་པ་རེད། པེ་ཅིན་དང་ཐན་ཅིན་གྱི་བྱེ་རླུང་འབྱུང་ཁུངས་བཅོས་སྐྱོང་བྱེད་པའི་ལས་གྲྭས་ནགས་བཟོའི་གཞི་ཁྱོན་སྤྱི་ཆིང་ཁྲི19དང་བྱེ་འཇགས་བྱེད་ཁྱོན་སྤྱི་ཆིང་ཁྲི6300ལེགས་སུ་འགྲུབ་བྱུང་ཡོད། བྱང་ཤར་དང་ཀྲུང་ཧྭ་བྱང་རྒྱུད། ནུབ་བྱང་དང་འབྲི་ཆུ་འབབ་རྒྱུད་བཅས་གཙོ་བོའི་འགོག་སྲུང་ཤིང་ནགས་ཀྱི་མ་ལག་གི་ལས་གྲྭས་ནགས་བཟོ་གཞི་ཁྱོན་སྤྱི་ཆིང་ཁྲི80.5ལེགས་སུ་འགྲུབ་ཡོད་པརེད།

   2018ལོར་རང་རྒྱལ་གྱིས་བྱེ་འགོག་བྱེ་བཅོས་བརྟན་ཁྲོད་སྐུལ་འདེད་བཏང་ཡོད། རྒྱལ་ཡོངས་ཀྱིས་བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་སྤྱི་ཆིང་ཁྲི249ལེགས་སུ་འགྲུབ་པ་དང་། སྡོང་ཐུང་ནགས་ཚལ་བཟོ་བཅོས་བྱེད་པའི་ཚོད་ལྟ་གཞི་ཁྱོན་སྤྱི་ཆིང་ཁྲི3.3རྒྱ་བསྐྱེད་བཏང་ཡོད། བཀག་སྡོམ་གྱི་སྲུང་སྐྱོང་ཁུལ6གསར་དུ་བསྣན་ཡོད། བཀག་སྡོམ་བྱས་ཏེ་སྲུང་སྐྱོང་བྱེད་པའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི166ལ་བསླེབས་ཡོད། རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ7གསར་དུ་བསྣན་ཡོད་། ལོ་འཁོར་ཧྲིལ་པོར་བྱེ་རྡོ་ཅན་དུ་འགྱུར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཏེ་ནགས་བཟོ་གཞི་ཁྱོན་སྤྱི་ཆིང་ཁྲི26.3ལེགས་སུ་འགྲུབ་ཡོད་ཅིང་། བྱེ་རྡུལ་རླུང་དམར་གྱི་གནོད་འཚེ་ལ་ལྟ་ཞིབ་ཚད་ལེན་དང་འཚུབ་བསྟུན་ཐག་གཅོད་བྱས་པར་དགེ་མཚན་ལྡན་པའི་འབྲས་བུ་ཐོབ་པ་རེད།།


  • ལེ་ཚན་སྔོན་མ།:ནོར་སྲིད་པུའུ་ཡིས་བསྟན་དོན། ད་ལོར་དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་ཉུང་འཕྲི་གཏོང་བའི་ནང་དཔྱ་ཁྲལ་ཆག་ཡང་གཏོང་ཚད་ཀྱིས་བཅུ་ཆ་བདུན་བཟུང་བ།
  • ལེ་ཚན་རྗེས་མ།:མཚོ་བོད་མཐོ་སྒང་གི་གནག་ཕྱུགས་ཀྱི་ཚེ་སྲོག་གི་གསང་གྲངས་བརྟོལ་མཁན་གྱི་བོད་རིགས་བུད་མེད་འབུམ་རམས་པ་ཅི་ཆིའུ་མེ།
  • དོ་སྣང་ཆེ་བའི་རྩོམ།