རང་ཁུལ་གྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུའི་འཆར་འགོད་ལ་ཆེད་རམས་པས་རིགས་པས་ཁུངས་སྐྱེལ་བྱས

དབྱངས་ཅན་གྱིས་བསྒྱུར།        2019-03-15

   སྤྱི་ཟླ3པའི་ཚེས7ཉིན། རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའུ་སྐྱེ་ཁམས་སིའི་ཕྱོགས་བསྡུས་ཁྲུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣ་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་འབྲེལ་ཡོད་མི་སྣ། རྒྱལ་ཁབ་དང་ཞིང་ཆེན་གྱི་རིགས་པས་ཁུངས་སྐྱེལ་གྱི་ཆེད་རམས་པ་ལས་གྲུབ་པའི་མཉམ་འབྲེལ་ལས་སྒྲུབ་ཚོ་ཆུང་རང་ཁུལ་གྱི་ལྕགས་ཟམ་རྫོང་དང་དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཅུས་ལ་ཕྱིན་ནས། ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་དང་། སྙན་ཞུར་ཉན་འཇོག། ཡུལ་དངོས་སུ་ཕྱིན་ནས་འདྲི་རྩད། གཅིག་བསྡུས་གྲོས་བསྡུར་སོགས་ཀྱི་བྱེད་སྟངས་སྤྱད་ནས《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་དཔེ་སྟོན་ཁུལ་གྱི(2018ལོ་ནས2030ལོའི་བར)》འཆར་འགོད་ལ་རིགས་པས་ཁུངས་སྐྱེལ་བྱས་པར་མ་ཟད། ཆེད་ལས་ཀྱི་ཆ་ནས《འཆར་འགོད》དེ་བཟོ་བཅོས་བྱེད་སྟངས་ཀྱི་བསམ་འཆར་བཏོན་པ་རེད། ཆེད་རམས་པའི་ཚོ་ཆུང་གིས་མཐར་ཐུག《འཆར་འགོད》དེར་རིགས་པས་ཁུངས་སྐྱེལ་བྱ་རྒྱུའི་ཡིད་མཐུན་བྱུང་བར་མ་ཟད།ཆེད་རམས་པའི་བསམ་འཆར་དང་ཟུང་འབྲེལ་བྱས་ནས་བཟོ་བཅོས་འཐུས་ཚང་བྱས་རྗེས་གོ་རིམ་ལྟར་ཆོག་འཐུས་བཀའ་འཁྲོལ་ཞུ་དགོས་པའི་གྲོས་གཞི་བཏོན་པ་རེད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲེན་ཐེན་ཆང་རིགས་པས་ཁུངས་སྐྱེལ་གྱི་གྲོས་ཚོགས་ནང་ཞུགས་པ་རེད།

   རིགས་པས་ཁུངས་སྐྱེལ་གྱི་གྲོས་ཚོགས་ནང་སྐྱེ་ཁམས་ཞིབ་འཇུག་དང་སྐྱེ་དངོས་ཞིབ་འཇུག རང་བྱུང་གནོད་སྐྱོན་དང་ཁོར་ཡུག་ཞིབ་འཇུག ཁོར་ཡུག་ལྟ་ཞིབ་ཚད་ལེན། ཁོར་ཡུག་སྲུང་སྐྱོང་སྲིད་ཇུས་ཞིབ་འཇུག་སོགས་ཀྱི་ཁྱབ་ཁོངས་ནས་ཡོང་བའི་ཆེད་རམས་པ7མཉམ་དུ་ཞུགས་ཡོད་ཅིང་། གྲོས་ཚོགས་ཐོག་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཁང་གི་ཞིབ་འཇུག་པ་ཝུའུ་ཡན་ཆེད་རམས་པའི་ཚོ་ཆུང་གི་འགོ་འཛིན་དུ་འོས་སྦྱོར་བྱས་པ་རེད། གྲོས་ཚོགས་ཐོག《འཆར་འགོད》དང་བཟོ་འགོད་སྡེ་ཚན་གྱིས་རྒྱབ་ལྗོངས་ཀྱི་དོན་སྙིང་དང་། བསམ་བློའི་གཞི་སྒྲོམ། བྱེད་ཐབས་ཀྱི་འདེགས་སྐྱོར་སོགས་ཀྱི་ཆ་ནས《འཆར་འགོད》ངོ་སྤྲོད་མདོར་བསྡུས་བྱས་པ་རེད། ཆེད་རམས་པ7གྱིས་ཆེད་ལས་ཀྱི་དམིགས་བསལ་ཤེས་ཡོན་དང་ཟུང་འབྲེལ་བྱས་ནས་ཁག་བགོས་ཏེ《འཆར་འགོད》ལ་གདེང་འཇོག་བྱས་པར་མ་ཟད། བཟོ་འགོད་བྱེད་ཤུགས་ཆེ་རུ་གཏོང་བར་གཞི་འཛིན་ས་བྱེད་པ་དང་། ཚད་གཞི་དངོས་ཞིབ་ཕྲ། ལས་ཀའི་གཙོ་གནད་མངོན་གསལ། ལས་རིགས་གཅིག་འདོམས་ཡོང་བར་དོ་སྣང་། ལས་ཀའི་མྱུར་ཚད་མངོན་གསལ། བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་འགན་སྲུང་། ལམ་ལུགས་ཀྱིས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་མཐོང་རང་བཞིན་དང་ཁྱོན་ཡོངས་རང་བཞིན་ཇེ་དྲག་ཡོང་བ་སོགས་ཀྱི་ཐད་ནས《འཆར་འགོད》མཐོར་འདེགས་གཏོང་བའི་བསམ་འཆར་བཏོན་པ་རེད། མཐའ་ཐུག་ཆེད་རམས་པ་ཚོ་ཆུང་གིས་གཅིག་བསྡུས་གྲོས་བསྡུར་བྱས་པར་བརྒྱུད། ཚན་རིག་གི་ཐོག་ནས《འཆར་འགོད》ལ་རིགས་པས་ཁུངས་སྐྱེལ་བྱ་རྒྱུའི་ཡིད་མཐུན་བྱུང་བ་རེད།

   ཀྲེན་ཐེན་ཆང་གིས་གསུངས་དོན། ཁུལ་སྲིད་གཞུང་གིས་འཆར་འགོད་བཟོ་འགོད་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་ཚོགས་ཆེན་ནང་ཞུགས་པའི་ཆེད་རམས་པས་བཏོན་པའི་བསམ་འཆར་རྩ་ཆེན་གྱི་སྙིང་བཅུད་བསྡུ་ལེན་གང་ལེགས་བྱས་ནས། 《འཆར་འགོད》བཟོ་བཅོས་མཐོར་འདེགས་དང་ཞིབ་བཤེར་གྲོས་མོལ། སྙན་སེང་བཀའ་འཁྲོལ་ཞུ་བའི་ལས་ཀ་མགྱོགས་མྱུར་དུ་ལེགས་འགྲུབ་ཡོང་བ་བྱ་རྒྱུ་དང་། མགྱོགས་མྱུར་ངང་ཚན་རིག་དང་ཆེས་མཐུན་པའི་ལག་ལེན་བསྟར་འཐུས་ཀྱི《འཆར་འགོད》འདི་དཀར་མཛེས་ཁུལ་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་དཔེ་སྟོན་ཁུལ་དུ་གསར་བསྐྲུན་བྱེད་པར་ཁྲིད་སྟོན་བྱེད་ཡས་བྱ་རྒྱུར་བརྩོན་ལེན་བྱ་རྒྱུ་དང་། དཀར་མཛེས་ཁུལ་ལའང་ཁྱོན་ཡོངས་ནས་འཛུགས་སྐྱོང་ལས་ཀ་ཡག་པོ་འཛིན་རྒྱུའི་ཡིད་ཆེས་ཡོད་པར་མ་ཟད། གོ་སྐབས་དེ་དང་བསྟུན་ནས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ལས་ཀ་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ་ངེས་རེད། ཁོང་གིས་རྫོང(གྲོང་ཁྱེར)ཁག་སོ་སོ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་ས་ཁོངས་དང་ལས་རིགས་རང་ཉིད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ《འཆར་འགོད》བཟོ་བཅོས་དང་མཐོར་འདེགས་གཏོང་བར་བསམ་འཆར་དང་གྲོས་གཞི་འདོན་དགོས་པའི་ཐུགས་རེ་གནང་བ་རེད།

   དཀར་མཛེས་ཁུལ་གྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་དཔེ་སྟོན་ཁུལ་འཛུགས་སྐྱོང་གི་འགོ་ཁྲིད་ཚོ་ཆུང་གི་གྲུབ་མིའི་སྡེ་ཚན་གྱི་འབྲེལ་ཡོད་འགན་ཁུར་མི་སྣ་དང་། རྫོང(གྲོང་ཁྱེར)སོ་སོའི་སྲིད་གཞུང་གི་ལས་བགོས་འགན་ཁུར་མི་སྣ། ལས་རིགས་ཀྱི་འགན་ཁུར་མི་སྣ་རིགས་པས་ཁུངས་སྐྱེལ་གྱི་ཚོགས་འདུ་ནང་ཞུགས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:མཚོ་བོད་ལྕགས་ལམ་གྱི་ཕུག་ལམ་གཉིས་དང་ཟམ་ཆེན་གཅིག་གི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ལོ་འདིར་ལས་འགོ་འཛུགས་རྒྱུར་བརྩོན་ལེན་བྱེད།
  • ལེ་ཚན་རྗེས་མ།:ཨ་འབྲུ་ནས་ནག་དར་མདོའི་ཞིང་པ་ཕྱུག་འགྱུར་བྱེད་ཡས་ཀྱི་ནོར་བུར་གྱུར།
  • དོ་སྣང་ཆེ་བའི་རྩོམ།