ནོར་སྲིད་པུའུ་ཡིས་བསྟན་དོན། ད་ལོར་དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་ཉུང་འཕྲི་གཏོང་བའི་ནང་དཔྱ་ཁྲལ་ཆག་ཡང་གཏོང་ཚད་ཀྱིས་བཅུ་ཆ་བདུན་བཟུང་བ།

        2019-03-15

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ3པའི་ཚེས7ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་ནོར་སྲིད་པུའུ་ཡི་པུའུ་ཀྲང་ལིའུ་ཁུན་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པས་འཚོགས་པའི་གསར་འགོད་པའི་སྣེ་ལེན་ཚོགས་ཐོག་བཤད་དོན། ད་ལོར་ཁེ་ལས་ཀྱི་དཔྱ་ཁྲལ་དང་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་སྤྲད་རྒྱུའི་ཁུར་པོ་སྒོར་དུང་ཕྱུར་ཁྲི2ཆག་ཡང་དུ་གཏང་རྒྱུ་ཡིན་ཞིང་། དེའི་ནང་དཔྱ་ཁྲལ་ཆག་ཡང་དུ་གཏོང་ཚད་ཀྱིས་བཅུ་ཆ་བདུན་བཟུང་བ་དང་དཔྱ་ཁྲལ་ཆག་ཡང་གཏོང་ཚད་གྲངས་ནང་རིན་ཐང་འཕར་སྣོན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་ཚད་ཀྱིས་གཙོ་བོ་བྱ་རྒྱུ་ཡིན་པ་རེད།

   ལིའུ་ཁུན་གྱིས་བཤད་དོན། དཔྱ་ཁྲལ་ཆག་ཡང་གཏང་རྒྱུའི་ཐད། ད་ལོར་ལོ་འགོར་གསལ་པོ་བྱས་པའི་ཁེ་ལས་ཆུང་ངུ་ལ་ཡོངས་ཁྱབ་ཏུ་དངོས་ཕན་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་བ་དང་། ཁྱོན་ཡོངས་ནས་བཟོ་བཅོས་བྱས་པའི་མི་སྒེར་གྱི་ཐོབ་ཁྲལ་དོན་འཁྱོལ་བྱས་པ་ཕུད། ད་རུང་སྔར་ལྷག་གིས་རིན་ཐང་འཕར་སྣོན་གྱི་དཔྱ་ཁྲལ་བཅོས་བསྒྱུར་ཟབ་སྤེལ་བྱ་རྒྱུ་རེད། རིན་ཐང་འཕར་སྣོན་གྱི་དཔྱ་ཁྲལ་བཅོས་བསྒྱུར་ཟབ་སྤེལ་གཏང་རྒྱུ་ནི་དཔྱ་ཁྲལ་ཆག་ཡང་དུ་གཏོང་བའི་ནང་གི་གཙོ་བོ་ཡིན་པ། བཅོས་བསྒྱུར་བྱེད་པ་དེ་གཙོ་གནད་དུ་ཡོངས་ཁྱབ་ཏུ་དངོས་ཕན་པའི་རང་བཞིན་དམིགས་སུ་ཐོན་རྒྱུ་ཡིན་པས་མ་ཚད། དཔྱ་ཁྲལ་ལམ་ལུགས་བཅོས་བསྒྱུར་སྦྲེལ་མཐུད་བྱ་རྒྱུ་གཙོ་གནད་བྱས་ན་རིན་ཐང་འཕར་སྣོན་གྱི་དཔྱ་ཁྲལ་སྐལ་གྲངས་དེ་རིམ་པ་གསུམ་ནས་རིམ་པ་གཉིས་པར་ཟླ་སྒྲིལ་བྱ་རྒྱུར་ཕན་ཐོགས་ཡོད་པ་རེད།

   ལིའུ་ཁུན་གྱིས་བཤད་དོན། དཔྱ་ཁྲལ་ཆག་ཡང་གཏོང་བ་དང་གྲོན་དངུལ་ཉུང་འཕྲི་གཏོང་བ་ནི་ད་ལོའི་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་དོན་ཆེན་ཨང་དང་པོ་ཡིན་པ་རེད། ད་ལོར་དཔྱ་ཁྲལ་དང་གྲོན་དངུལ་སྒོར་དུང་ཕྱུར་ཁྲི2ཆག་ཡང་དང་ཉུང་འཕྲི་གཏོང་རྒྱུར་དམིགས་ཏེ། ནོར་སྲིད་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་ས་གནས་དང་མཉམ་དུ་སྒྲིག་འཛུགས་ཞིབ་ཕྲ་བྱས་ཏེ་ཆད་ལུས་མེད་པར་དོན་འཁྱོལ་བྱས་ནས་པ་ཁེ་ལས་ཀྱི་ཐོབ་སྣང་ཇེ་དྲག་ཏུ་གཏང་རྒྱུ་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་གིས་བསྟན་དོན། སྔར་ལྷག་གིས་དངུལ་རྩས་དབུལ་ཐར་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:2018ལོར་རང་རྒྱལ་གྱིས་ནགས་བཟོ་གཞི་ཁྱོན་བསྡོམས་འབོར་སྤྱི་ཆིང་ཁྲི707.4ལེགས་སུ་འགྲུབ།
  • དོ་སྣང་ཆེ་བའི་རྩོམ།