བོད་རིགས་ལུས་རྩལ་པ་ཀླུ་མོ་མཚོས་འཛམ་གླིང་གི་ཟིན་ཐོ་གསར་པ་བསྐྲུན།

    མཚོ་སྔོན་གསར་འགྱུར་དྲ་བ།    2019-03-14

བོད་རིགས་ལུས་རྩལ་པ་ཀླུ་མོ་མཚོས་འཛམ་གླིང་གི་ཟིན་ཐོ་གསར་པ་བསྐྲུན།

    ཟླ3པའི་ཚེས9ཉིན་གྱི་སྔ་དྲོར།ཨན་ཧུའེ་ཞིང་ཆེན་ཧང་ཧྲན(安徽黄山)ནས་བསྡུས་པའི2019ལོའི་རྒྱལ་ཡོངས་འདུར་རྒྱུག་འགྲན་བསྡུར་ཆེན་མོ་དང་འཛམ་གླིང་ལུས་རྩལ་འགྲན་བསྡུར་གྱི་སྤྱི་ལེ50ཡི་འདེམ་སྒྲུག་འགྲན་བསྡུར——བུད་མེད་དར་མའི་ཚན་ཆུང་གི་སྤྱི་ལེ50ཡི་འདུར་རྒྱུག་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད་མཚོ་སྔོན་གྱི་ལུས་རྩལ་པ་གྲགས་ཅན་ཀླུ་མོ་མཚོས་ཆུད་ཚོད4དང་སྐར་མ3སྐར་ཆ51ཡིས་འགྲན་བསྡུར་དེའི་འཛམ་གླིང་གི་ཟིན་ཐོ་གསར་བ་བཞག་འདུག།

བོད་རིགས་ལུས་རྩལ་པ་ཀླུ་མོ་མཚོས་འཛམ་གླིང་གི་ཟིན་ཐོ་གསར་པ་བསྐྲུན།

   ཐེངས་འདིའི་འགྲན་བསྡུར་སྟེང་རྒྱལ་ཡོངས་ས་གནས་ཁག་གི་འཐུས་མིའི་རུ་ཁག25དང་མི་གྲངས727ལྷག་ཞུགས་ཡོད། དེའི་ཁྲོད་དུ་འདུར་རྒྱུག་ལུས་རྩལ་པ་གྲགས་ཅན་ལིའུ་ཧུང་དང་ཆོས་དབྱངས་སྐྱིད།ལུའི་ཤིའུ་ཀྲི་སོགས་ཞུགས་ཡོད། མཐར་འདུར་རྒྱུག་འདེམས་སྒྲུག་འགྲན་བསྡུར་བུད་མེད་དར་མའི་ཚན་ཆུང་གི་སྤྱི་ལེ50ཡི་འདུར་རྒྱུག་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད་བསྡོམས་མི14 བདམས་ཐོན་བྱུང་པ་རེད། མཚོ་སྔོན་གྱི་ལུས་རྩལ་པ་གྲགས་ཅན་ཀླུ་མོ་མཚོས་ཆུད་ཚོད4དང་སྐར་མ3སྐར་ཆ51ཡིས་འགྲན་བསྡུར་དེའི་འཛམ་གླིང་གི་ཟིན་ཐོ་གསར་བ་བཞག་པ་རེད།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་འགན་ཁུར་བས་ཁྲིམས་འཛུགས་ལས་དོན་སྐོར་གྱི་དྲི་བར་ལན་བུ་བརྒྱབ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་སྲིད་གྲོས་སྐབས༡༣པའི་གྲོས་ཚོཊ་ཐེངས༢པ་མཇུག་བསྒྲིལ་བ།
  • དོ་སྣང་ཆེ་བའི་རྩོམ།