རང་ཁུལ་གྱི་ས་གནས་ཁག་གི་ལས་བྱེད་པ་དང་ལས་བཟོས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་ཚ་ཚ་འུར་འུར་གྱིས་གྲོས་བསྡུར་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2019-03-13

དཀར་མཛེས་རྫོང་།

  དཀར་མཛེས་རྫོང་གི་ལས་བྱེད་པ་དང་ལས་བཟོས་བྱེད་ཐབས་སྣ་ཚོགས་སྤྱད་ནས་ཚོགས་ཆེན་གཉིས་ཀྱི་ཆ་འཕྲིན་དང་ལེན་བྱས་པ་རེད། ཉེ་ཆར་རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་ཁྲོད་དུ་རིམ་བཞིན་ཁྱབ་གདལ་འགྲོ་བཞིན་པའི་སློབ་སྦྱོང་བྱས་ནས་རྒྱལ་ཁབ་སྟོབས་ཆེན་གཏོང་བའིappཡོ་བྱད་བརྒྱུད་ནས་ལས་བྱེད་པ་དང་ལས་བཟོ་བ་མང་ཆེ་ཤོས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཚོགས་ཆེན་གཉིས་ཀྱི་ནང་དོན་རྒྱུས་ལོན་བྱེད་ཆོག་པ་རེད།

དཀར་མཛེས་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་གཞུང་ལས་ཁང་ནང་ལས་བྱེད་པ་སྒྲོལ་མ་ལྷ་མོས་སློབ་སྦྱོང་བྱས་ནས་རྒྱལ་ཁབ་སྟོབས་ཆེན་གཏོང་བའིappཡི་ཡོ་བྱད་བེད་སྤྱོད་བྱས་ནས2019ལོའི་སྲིད་གཞུང་ལས་དོན་སྐོར་གྱི་སྙན་སྒྲོན་ལྟ་ཀློག་བྱེད་བཞིན་འདུག མོ་ཡིས་གསར་འགོད་པར་བཤད་དོན། 2019ལོར་དཀར་མཛེས་རྫོང་གི་ལས་བྱེད་པ་དང་མང་ཚོགས་རྣམས་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཏུ་རྒྱབ་སྐྱོར་དེ་བས་མང་པོ་ཐོབ་པ་དང་། མ་འོངས་པའི་འཚོ་བ་དེ་བས་བཟང་པོ་ཡོང་བའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།།

རྟའུ་རྫོང་།

   སྤྱི་ཟླ3པའི་ཚེས5ཉིན་རྟའུ་རྫོང་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཚོགས་ཁང་ནང་། ལས་བཟོ་ཡོངས་རྫོགས་ཀྱིས་སྲིད་གཞུང་ལས་དོན་སྐོར་གྱི་སྙན་སྒྲོན་ལ་ཉན་བཞིན་འདུག ལས་བཟོ་ཀྲོའུ་ལིན་ཞིན་གྱིས་སྔོན་ཆད་ང་ཚོའི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་སོགས་ཀྱི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་ཞིག་ཡིན་པའི་ཆ་ནས་བཤད་ན། ང་ཚོས་ད་དུང་རྒྱུན་ཆད་མེད་པར་ཞབས་ཕྱི་སྒྲུབ་ཤུགས་ཆེ་རུ་བཏང་སྟེ། བདེ་ཐང་གི་གཙོ་དོན་དྲིལ་བསྒྲགས་བྱས་ནས་ཞིང་འབྲོག་མང་ཚོགས་དེ་བས་མང་པོར་སྨན་བཅོས་ཞབས་ཞུ་དེ་བས་ལེགས་པོ་ཐོབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

ཉག་ཆུ་རྫོང་།

   རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་རིང་། རྫོང་དེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཧུར་ཐག་གིས་ལག་ཁྱེར་ཁ་པར་དང་བརྙན་འཕྲིན་སོགས་ཀྱི་སྨྱན་སྦྱོར་ཐོག་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་དོ་ཁུར་བྱེད་པ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་རྒྱུས་ལོན་བྱས་པ་རེད། རྫོང་དེའི་ཡུལ་ཤོག་དང་གྲོང་རྡལ། སྡེ་ཁག་སོ་སོས་བརྙན་འཕྲིན་དང་འཕྲིན་ཕྲན། ཁྱུག་དབྱིངས་སོགས་ཀྱི་སྨྱན་སྦྱོར་ཐོག་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་དོ་ཁུར་བྱེད་པ་དང་རྒྱལ་ཁབ་སྲིད་ཇུས་ལ་རྒྱུས་ལོན་བྱས་པ་རེད། རྫོང་དེས་རྫོང་བརྙན་འཕྲིན་ཁང་དང་ཉག་ཆུ་ཁའི་འཕྲིན་ཕྲན།། LEDབརྙན་ཤེལ་སོགས་ཀྱི་ཐོག་ནསརྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དྲིལ་བསྒྲགས་བྱས་པ་རེད།།

དཔལ་ཡུལ་རྫོང་།

    དཔལ་ཡུལ་རྫོང་གི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་བཤད་དོན། ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་གོ་བ་ནན་ཏན་ལེན་ནས་སླད་ཕྱིན་གྱི་ལས་དོན་ནང་ཧུར་ཐག་ཞུགས་ཏེ། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལས་རྒྱལ་ཁ་ཐོབ་ཆེད། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཔལ་ཡུལ་རྫོང་འཛུགས་སྐྱོང་བྱེད་པར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན།

ལི་ཐང་རྫོང་མོ་ལ་སྨད་ཤང་།

   ལི་ཐང་རྫོང་མོ་ལ་སྨད་པ་ཡུལ་ཤོག་གི་ལས་བྱེད་པ་དང་ལས་བཟོ། ཞིང་འབྲོག་མང་ཚོགས་ཀྱིས་བརྙན་འཕྲིན་དང་འཕྲིན་སྦྲེལ་དྲ་བ་སོགས་ཀྱི་ཁྲོད་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་དང་ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་ལས་དོན་སྐོར་གྱི་སྙན་སྒྲོན་ལ་ཉན་འཇོག་བྱས་པ་རེད།

  ར་ར་གྲོང་སྡེའི་དབུལ་པོའི་དུད་ཚང་བཀྲ་ཤིས་ཆོས་འཕེལ་གྱིས་དགའ་སྤྲོའི་ངང་བཤད་དོན། གནད་སྨིན་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་ནས་ས་ཁོངས་གསུམ་དང་ཁུལ་གསུམ་སོགས་ཀྱི་ཧ་ཅང་དབུལ་པོའི་ས་ཁུལ་གྱི་དབུལ་ཐར་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམིགས་བསལ་དབུལ་ཕོངས་མི་འབོར་གྱི་འགན་སྲུང་བྱ་ཐབས་དོན་འཁྱོལ་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་སྲིད་ཇུས་མཐོང་ཐུབ་པ་དང་དབུལ་ཐར་གྱི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ནས་ངས་སྙིང་ཐག་པ་ནས་ཙུང་ལིའི་སྙན་ཞུར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།


  • ལེ་ཚན་སྔོན་མ།:ན་ནིང་རང་ཁུལ་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར200ལས་བརྒལ།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་གི་སྒོ་བྱང་དངོས་སུ་བཀལ་ནས་ལས་ཁུངས་བཙུགས།
  • དོ་སྣང་ཆེ་བའི་རྩོམ།