བཟོ་འཕྲིན་པུའི་པུའུ་ཀྲང་མའེ་ཞུའུ་ཡིས་ད་ལོ་སྒུལ་བདེའི་དྲ་རྒྱའི་བཞུར་ཚད་འགྲོ་སོང་སླར་ཡང་ཆ་ སྙོམས་20%མན་གཅོག་རྒྱུ་ཡིན་པ་བརྗོད།

མི་དམངས་དྲ་བ།        2019-03-07

༄༅།།བཟོ་འཕྲིན་པུའི་པུའུ་ཀྲང་མའེ་ཞུའུ་ཡིས་ད་ལོ་སྒུལ་བདེའི་དྲ་རྒྱའི་བཞུར་ཚད་འགྲོ་སོང་སླར་ཡང་ཆ་
སྙོམས་20%མན་གཅོག་རྒྱུ་ཡིན་པ་བརྗོད།

     མི་དམངས་དྲ་བའི་འཕྲིན། ཟླ3ཚེས5ཉིན། བཟོ་འཕྲིན་པུའི་པུའུ་ཀྲང་མའེ་ཞུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི“པུའུ་ཀྲང་གི་བགྲོད་ལམ”ཐོག་བརྗོད་དོན། ད་ལོ་སྒུལ་བདེའི་དྲ་རྒྱའི་བཞུར་ཚད་འགྲོ་སོང་སླ་ཡང་ཆ་སྙོམས20%མན་གཅོག་རྒྱུ་ཡིན་ཞིང་། ཁེ་ལས་འབྲིང་ཆུང་གི་དྲ་ཆེན་གྱི་འགྲོ་སོང་སླར་ཡང་ཆ་སྙོམས15%གཅོག་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་འཛད་སྤྱོད་དགོས་མཁོ་སྔར་བས་ཡག་པོ་བསྐངས་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཉེ་བའི་ལོ་འགའི་རིང་། དྲ་རྒྱའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་རིན་པ་དམའ་རུ་གཏོང་རྒྱུ་དེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རྒྱུན་མཐུད་ངང་བཀོད་ཡོད། 
     མའེ་ཞུའུ་ཡིས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་ལ་གཞིགས་ན། ད་ལོ་རྒྱལ་ཡོངས་སུ་ཀྲའོ་སྟོང་གི་དྲ་ཆེན་ལས་སྒོའི་དཔེ་སྟོན་འཛུགས་རྒྱུ་ཡིན་ཞིང་། སྒུལ་བདེའི་དྲ་རྒྱའི་བཞུར་ཚད་ཀྱི་འགྲོ་སོང་སླར་ཡང་ཆ་སྙོམས20%མན་གཅོག་རྒྱུ་ཡིན་པ་དང་།  ཁེ་ལས་འབྲིང་ཆུང་གི་དྲ་ཆེན་གྱི་འགྲོ་སོང་དེ་སླར་ཡང་ཆ་སྙོམས15%མན་བཅག་ནས། ལོ་མཇུག་སྔོན་དུ་ལག་ཐོགས་ཁ་པར་བེད་སྤྱོད་བྱེད་མཁན་ལ་རང་མོས་ངང“ཨང་གྲངས་ཀྱིས་དྲ་རྒྱ་བརྒྱུད་སྤྲོད”བྱ་རྒྱུ་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

  • ལེ་ཚན་སྔོན་མ།:ཁྲག་ཤེད་མཐོ་བའི་ནད་དང་གཅིན་པ་མངར་འགྱུར་གྱི་ནད་སྒོ་བསྟེན་སྨན་བཅོས་བྱེད་པའི་སྨན་རིན་སྨན་བཅོས་ འགན་བཅོལ་གྱི་འགྲོ་སོང་ནང་བཀོད་པ།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱི་འཐུས་མི་ཚོགས་པས་སྲིད་གཞུང་ལས་ཀའི་སྙན་ཞུ་ལ་གྲོས་ཞིབ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།