ཨ་མེ་རི་ཁའི་དམག་དཔུང་གི་བར་སྣང་འཇབ་རྒོལ་ལས་སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་སོ་ལྔ་བསད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2019-02-26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་དམག་སྤྱི་ཁང་གིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་སོ་མཱ་ལིའི་དབུས་ཕྱོགས་ས་ཁུལ་ནས་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་པ་དང་། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་སོ་ལྔ་བསད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཆམ་ཕབ་བཏང་བའི་དམིགས་འབེན་དེ་ཞེ་ལན་ཀྲིག་པེ་ལན་ཏི་ཝུན་གྲོང་ཁྱེར་ཤར་ངོས་ཀྱི་སྤྱི་ལེ་སོ་བདུན་མཚམས་ཡིན་པ་དང་། བར་སྣང་འཇབ་རྒོལ་དེའི་ཁྲོད་མི་སེར་དཀྱུས་མར་ཤི་རྨས་ཐེབས་མེད་ཟེར། 

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་ན་གཞོན་ཏང་གི་ཁོངས་མི་བསྡུ་བའི་བྱ་འགུལ་ཞིག་ལ་བཀག་འགོག་བྱས་ཟེར། ཨ་མེ་རི་ཁའི་དམག་དཔུང་གིས་མུ་མཐུད་དུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སོ་མཱ་ལིའི་ཆེད་མངག་ཚོགས་པ་དང་། སོ་མཱ་ལིའི་སྲིད་གཞུང་དམག་དཔུང་བར་མཉམ་ལས་བྱས་ཏེ་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པར་ཆམ་ཕབ་གཏོང་རྒྱུ་རེད། 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལོ་ཚོགས་ལ་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཝེ་ནེ་ཙུའེ་ལཱའི་ཀྲིག་ཀྲང་བཞི་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།
  • དོ་སྣང་ཆེ་བའི་རྩོམ།