ལོ་སར།

སྦྲ་དུངས་སེམས།        2019-02-22

ལོ་སར། ཁ་གཡང་དང་སྨོན་ཚིག

མེ་ཏོག་བཞིན་མི་རྣམས་ཀྱི་ཁ་ན་འཛུམ།

དགོད་སྒྲ་དང་བདེ་སྐྱིད་ཀྱི་གླུ་དབྱངས།

དྲི་ཟའི་གྲོང་ཁྱེར་ས་ལ་བབས་པ་བཞིན་མཛེས།


ལོ་སར་བའི་ཉི་མ།

འཇིག་རྟེན་གྱི་སྡུག་བསྔལ་རེ་ཞིག་སྟོང་འགྲོ།

ཉི་མ་དེར་ལྷན་འཛོམས་ཀྱི་ལྗོན་པ་ངང་གིས་རྒྱས།

ཕ་མ་ཚོའི་གདོང་གི་གཉེར་མའི་གསེབ་ནས།

འཇམ་གཉེན་འཛུམ་མདངས་ལྷུག་ལྷུག་བགད།


ལོ་སར། མི་རྣམས་ཀྱིས།

འདས་ཟིན་པ་ཡོད་ཚད་ཕར་བསྐྱལ་ཏེ།

བཀྲ་ཤིས་པའི་བྱ་བའི་དབུ་ཁྱུད་འབྲི་བའི་ཉི་མ་ཡིན།

དེའི་ཕྱིར་ཉི་མ་དེ་བཀྲ་ཤིས་ན།

ཞག་པོ་སུམ་བརྒྱ་དྲུག་ཅུ་བཀྲ་ཤིས་པའི་རྟེན་འབྲེལ་ཡོད།


གང་ལྟར།

ཉི་མ་དེར་པིར་སྨྱུག་པ་ཞིག་གིས།

སྨྱུག་རྩེ་ངོམ་བཞིན་པ་དང་ཡེ་ནས་མཚུངས།

ཉི་མ་དེར་སྙན་ངག་པ་ཞིག་གིས་ཀྱང་།

ངག་གི་སྒྱུ་རྩལ་འཚོལ་བཞིན་པ་དང་ཡེ་ནས་འདྲ།


  • ལེ་ཚན་སྔོན་མ།:ལོ་གསར་བསུ་བའི་པི་ཝང་སྙན་ཆ།
  • ལེ་ཚན་རྗེས་མ།:གློ་བུར་དུ།