ལོ་གསར་པའི་ནང་དཀར་མཛེས་ཁུལ་གྱིས་ཡུལ་སྐོར་བ་ཁྲི49.13སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི53783.78ཐོབ།

    ཀྲུང་གོ་བོད་ཀྱི་དྲ་བ།    2019-02-21

    ཉེ་ཆར། གསར་འགོད་པས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དཔྱི་གསར་དུས་ཆེན་གྱི་སྐབས་སུ་དཀར་མཛེས་ཁུལ་གྱི་ཡུལ་སྐོར་དཔལ་འབྱོར་དམིགས་ཚད་ཐད་སྔར་བྱུང་མྱོང་མེད་པའི་ཚད་འཕར་རྣམ་པ་མངོན་ཡོད། ཁུལ་ཡོངས་ཀྱིས་ཁྱོན་བསྡོམས་ཡུལ་སྐོར་བ་ཁྲི49.13ལ་སྣེ་ལེན་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི53783.78ཐོབ་པས་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ46.79དང་བརྒྱ་ཆ61འཕར་ཡོད་པ་རེད། ཡུལ་སྐོར་སྣེ་ལེན་ཞུ་ཐེངས་དང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་ཡོད་པ་རེད།

    ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་སྤྱི་ཡོངས་ནས་ཁུལ་ཡོངས་ཀྱི་གཙོ་གནད་ཡུལ་སྐོར་རྫོང་དང་གྲོང་ཁྱེར་གྱི﹙ལྗོངས་ཁུལ﹚མང་ཆེ་བར་ཡུལ་སྐོར་བར་སྣེ་ལེན་ཞུ་ཐེངས་དང་ཡོང་འབབ་འཕར་སྣོན་ཆ་སྙོམས་ཅུང་མཐོ་རུ་བྱུང་ཡོད་ཅིང་། དུང་དཀར་ལུང་པའི་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཁྲི7.27ལ་སྣེ་ལེན་བྱས་ནས་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ24.49འཕར་བ་དང་། དར་མདོའི་མི་རྒོད་མཚོའི་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཁྲི2.35 ལ་སྣེ་ལེན་བྱས་ནས་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ109.82འཕར་ཡོད། སྒོ་འཛིན་ཡོང་འབབ་སྒོར་ཁྲི144.56ལ་ཟིན་ཡོད་པ་རེད། ལྕགས་ཟམ་རྫོང་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཁྲི9.7ལ་སྣེ་ལེན་བྱས་ནས་སྒོ་འཛིན་གྱི་ཡོང་འབབ་སྒོར་ཁྲི32.61ཐོབ་ཡོད། ཉི་སྟེན་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཁྲི0.51 ལ་སྣེ་ལེན་བྱས་ནས་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ59.38འཕར་ཡོད། རོང་བྲག་རྫོང་གྱ་གྱུ་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཁྲི0.72ལ་སྣེ་ལེན་བྱས་ཡོད། གསེར་ཐར་རྫོང་གིས་ཡུལ་སྐོར་བ་ཁྲི2.37 ལ་སྣེ་ལེན་བྱས་ནས་ལོ་གོང་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ6.28འཕར་བ་རེད། འབྲེལ་ཡོད་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་རིང་དར་མདོའི་གནམ་གྲུ་ཐང་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ151ཡོད་པ་དང་འདབ་པ་ཉི་སྟེན་གནམ་གྲུ་ཐང་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ1285ཡོད་ཅིང་། ཟླ་བ2པའི་ཚེས5ཉིན་གྱི་དགོང་མོའི་ཆུ་ཚོད12ནས་ཟླ་བ2པའི་ཚེས10ཉིན་གྱི་ཕྱི་དྲོའི་ཆུ་ཚོད16བར། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ཏེ་ལྕགས་ཟམ་ཁ་བར་ཕྱིར་གཏོང་ནང་འདྲེན་བྱས་པའི་རླངས་འཁོར་ཁྲི82846ཡོད་པ་དང་། དར་མདོ་བར་ཕྱིར་གཏོང་ནང་འདྲེན་བྱས་པའི་རླངས་འཁོར་ཁྲི54717ཡོད་པ་རེད།


  • ལེ་ཚན་སྔོན་མ།:ཀྲུང་གོའི་5Gདྲ་བའི་མེ་འཁོར་འབབ་ཚུགས་ཐོག་མ་དེ་ཧྲང་ཧའེ་རུ་སྐྲུན་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་བྱ་ཐབས་སྣ་མང་སྤྱད་དེ་ཡུལ་ཤུལ་གངས་སྐྱོན་ཁུལ་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱོབ་ཐབས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།