ལིའུ་ཁྲེང་མིང་གིས་ཁེར་ལུས་རྒན་རྒོན་དང་ཕན་བདེ་ཁང་གིས་བྱིས་པར་འཚམས་འདྲི་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2019-02-20

སྤྱི་ཟླ2པའི་ཚེས5ཉིན་ནི་དཔྱིད་གསར་དང་བོད་ས་ཕག་ལོའི་ལོ་སར་ཚེས་གཅིག་ཉིན་ཡིན་ལ་ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་དེ་ཁུལ་བྱིས་པ་ཕན་བདེ་ཁང་དང་ཁུལ་སྤྱི་ཚོགས་ཕན་བདེ་ཁང་དུ་ཕེབས་ནས་རྟེན་མེད་ཁེར་ལུས་རྒན་རྒོན་དང་ཕན་བདེ་ཁང་གི་བྱིས་པ་དང་ལས་སྒྲུབ་མི་སྣ་ལ་འཚམས་འདྲི་གནང་ཞིང་ཁོ་ཚོ་དང་མཉམ་དུ་ལོ་རྙིང་བརྒལ་གསར་བསུ་བྱེད་པ་དང་དགའ་སྤྲོ་ཆེན་པོས་དཔྱིད་གསར་དུས་ཆེན་བཏང་བ་དང་། ཚང་མར་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཞུ་བ་རེད། འདི་ནི་ལིའུ་ཁྲེང་མིང་རང་ཁུལ་དུ་ལས་སྒྲུབ་ཡོང་རྗེས་བསྟུད་མར་ལོ་བཞིའི་རིང་གི་དཔྱིད་གསར་ཚེས་གཅིག་ཉིན་ལ་འཚམས་འདྲི་བྱ་ཡུལ་ཐོག་མ་དེ་བྱིས་པའི་ཕན་བདེ་ཁང་དང་ཁུལ་སྤྱི་ཚོགས་ཕན་བདེ་ཁང་གཉིས་བྱས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེན་ཧྭ། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་རྩ་འཛུགས་པུའུའི་པུའུ་ཀྲང་ལིའུ་ཅེ་ཞང་བཅས་འཚམས་འདྲིར་ཞུགས་ཡོད། ཁུལ་བྱིས་པའི་ཕན་བདེ་ཁང་དུ་འཆམ་མཐུན་དང་སྤྲོ་སྐྱིད་ཁེངས་ཤིང་། བྱིས་པ་ཚོས་ལུས་རྩལ་སྦྱང་ཐང་དུ་དགའ་དགའ་སྤྲོ་སྤྲོས་རིག་རྩལ་འཁྲབ་སྟོན་བྱེད་བཞིན་ཡོད། ལིའུ་ཁྲེང་མིང་ཕེབས་ཡོང་བ་མཐོང་དུས་བྱིས་པ་ཚོས་སྤྲོ་སེམས་འཕེལ་བའི་ངང་ནས་དགའ་བསུ་ཞུ་ཞིང་ལོ་གསར་པར་བཀྲ་ཤིས་བདེ་ལེགས་ཞུ་བ་རེད། ལིའུ་ཁྲེང་མིང་གིས་བྱིས་པ་ཚོར་ལུས་ཁམས་བདེ་ཐང་དང་སློབ་སྦྱོང་ཡར་ཐོན། བདེ་ཐང་འཚར་ལོངས་ཡོང་བའི་སྨོན་འདུན་ཞུས་པ་རེད། ཁོང་གིས་བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་དང་འབྱུང་འགྱུར་ཡིན་པས། བྱིས་པའི་འཚར་ལོངས་ཀྱི་ཁོར་ཡུག་ཡག་མོ་ཞིག་ཡོད་པ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ལས་འགན་ཡིན་པས།འབྲེལ་ཡོད་སྡེ་ཁག་གིས་སྔ་ལས་ལྷག་པར་བྱིས་པར་སེམས་ཁུར་དང་གཅེས་སེམས་གནང་ནས་ཁོ་ཚོར་སློབ་སྦྱོང་དང་སློབ་གསོ། འཚོ་བ་བཅས་ཀྱི་ཁོར་ཡུག་ཡག་མོ་ཞིག་བསྐྲུན་ནས་བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་འབྱུང་དུ་བཅུག་དགོས་ཞེས་གསུངས་པ་དང་། ཁུལ་སྤྱི་ཚོགས་ཕན་བདེ་ཁང་དུ་ལིའུ་ཁྲེང་མིང་གིས་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་རྟེན་མེད་ཁེར་ལུས་རྒན་རྒོན་ཚོའི་འཚོ་བའི་གནས་ཚུལ་ཆ་རྒྱུས་ཞིབ་པོས་བླངས་པ་རེད། ཁོང་གིས་དམངས་སྲིད་སྡེ་ཁག་ལ་སྔར་ལྷག་གིས་ཁུལ་ཡོངས་ཀྱི་ནུས་ཁུངས་སྡེབ་སྒྲིག་བྱས་ཤིང་སྤྱི་ཚོགས་ཕན་བདེ་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཁེར་ལུས་རྒན་རྒོན་ལ་ཞབས་འདེབས་དེ་བས་མང་པོ་ཞུ་གང་ཐུབ་བྱ་དགོས་པའི་ཐུགས་རེ་གནང་བ་རེད།། (ལྷ་འཛོམས་ཀྱིས་བསྒྱུར།)

  • ལེ་ཚན་སྔོན་མ།:ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དཀར་མཛེས་ཉིན་རེའི་ཚགས་པར་ཁང་དུ་འཚམས་འདྲིར་ཕེབས།
  • ལེ་ཚན་རྗེས་མ།:གཞི་རིམ་མང་ཚོགས་ཀྱིས་དགའ་དགའ་སྤྲོ་སྤྲོས་ལོ་སར་བཏང་།
  • དོ་སྣང་ཆེ་བའི་རྩོམ།