ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྨྱན་བྱད་ཡོངས་ཀྱི་དུས་རབས་དང་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་གཉིས་པ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2019-01-29

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྨྱན་བྱད་ཡོངས་ཀྱི་དུས་རབས་དང་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་གཉིས་པ་བསྡུས་པ་དང་ཞི་ཅིན་ཕིང་

      ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྨྱན་བྱད་ཡོངས་ཀྱི་དུས་རབས་དང་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། 

     ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྨྱན་བྱད་ཡོངས་ཀྱི་དུས་རབས་དང་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་གཉིས་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུན་མོང་གི་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་བསྟན་དོན། སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྨྱན་བྱད་ཡོངས་འཛུགས་སྐྲུན་བྱེད་རྒྱུ་ནི་ང་ཚོའི་མདུན་དུ་ལྷགས་པའི་བརྗོད་གཞི་གལ་ཆེན་ཞིག་ཡིན་པས། ཆ་འཕྲིན་གསར་བརྗེ་གྲུབ་འབྲས་བཀོལ་སྤྱོད་བྱེད་པ་དང་སྨྱན་བྱད་མཉམ་བསྲེས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། གླེང་ཕྱོགས་གཙོ་བོ་རྒྱ་ཆེར་སྤེལ་ཞིང་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་ལྡན་སྙིང་སྟོབས་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།
        ཞི་ཅིན་ཕིང་གིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྲིད་ཇུས་དང་མ་དངུལ། ཤེས་ལྡན་མི་སྣ་སོགས་ཀྱི་ཕྱོགས་ནས་སྨྱན་བྱད་མཉམ་བསྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རིམ་པ་སོ་སོའི་དྲིལ་སྒྲོག་དོ་དམ་ལས་ཁུངས་ཀྱིས་གསར་སྐྲུན་དོ་དམ་རྐྱེན་སྲོལ་ལ་བཅོས་སྒྱུར་བྱེད་པ་དང་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བཟང་བོ་བྱས་ཏེ་སྨྱན་བྱད་མཉམ་བསྲེས་དེ་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྨྱན་བྱད་དང་འབྲེལ་འདྲིས་བྱེད་པའི་ནུས་པ་ཇེ་ཆེར་བཏང་སྟེ་མུ་མཐུད་དུ་རྒྱལ་སྐྱོང་སྲིད་འཛིན་ནུས་པ་ཇེ་ཆེ་དང་ཆུ་ཚད་མཐོར་གཏོང་དགོས་ཟེར།


  • ལེ་ཚན་སྔོན་མ།:སི་ཁྲོན་འབར་ཁམས་ཀྱི་སྐབས་དང་པོའི“ཨ་ལ་ཆང་གསོལ་”རྒྱལ་རོང་བོད་ཀྱི་ལོ་གསར་དགོང་ཚོགས་འཚོགས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་དང་རོན་ཧྥུའུ་ཀྲུང་གཉིས་ཀྱིས་ཕན་ཚུན་ལ་ལོ་སར་གྱི་རྟེན་འབྲེལ་འཕྲིན་ཡིག་བསྐུར།
  • དོ་སྣང་ཆེ་བའི་རྩོམ།