བོད་ཀྱི་ན་གཞོན་གཞན་ཕན་ཟླ་བའི་ལོ་རྒྱུས་སྐོར་ཀྲུང་ཧྭ་ཡིང་ཚའེ་ཟླ་ཕྱེད་དུས་དེབ་ཏུ་བཀོད།

        2019-01-28

བོད་ཀྱི་ན་གཞོན་གཞན་ཕན་ཟླ་བའི་ལོ་རྒྱུས་སྐོར་ཀྲུང་ཧྭ་ཡིང་ཚའེ་ཟླ་ཕྱེད་དུས་དེབ་ཏུ་བཀོད།

ད་ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་ལ།  གཞན་ཕན་ཟླ་བ་ཟེར་བའི་བོད་ཀྱི་ན་གཞོན་ཞིག་གི་ལོ་རྒྱུས་སྐོར་ཀྲུང་གོའི་ཀྲུང་ཧ་ཡིང་ཚའེ༼中华英才༽ཟླ་ཕྱེད་དུས་དེབ་ཀྱི་པར་ངོས་བཞི་ཡི་ཐོག་ཏུ་བཀོད་ཡོད་པ་རེད། འདི་ནི་ཀྲུང་ཧྭ་ཡིང་ཚའེ༼中华英才༽སྟེང་དུ་བཀོད་པའི་བོད་ཀྱི་ཆེས་ཐོག་མའི་མི་སྣ་དེ་ཡིན། གཞན་ཕན་ཟླ་བ་ནི་དཀར་མཛེས་ཁུལ་རྫ་ཆུ་ཁ་ནས་འཚར་ལོངས་བྱུང་ཞིང་། ལོ་ན་གཞོན་པའི་སྤྲུལ་སྐུ་ཞིག་ཀྱང་རེད།  ཆུང་དུས་ནས་གེ་སར་རིག་གནས་ཀྱི་རྫོང་མཐུག་པའི་ཁོར་ཡུག་ཏུ་ཐོས་བསམ་སྒོམ་སྒྲུབ་བྱས་ཤིང་། བོད་ཀྱི་དགོན་སྡེའི་སློབ་གསོ་དང་གཞུང་སྒྲུབ་འོས་འགན་སློབ་གསོ། མཐོ་རིམ་སློབ་གསོ་སོགས་གོ་རིམ་ལྟར་བརྒྱུད་པས། བྱ་དངོས་ཀྱི་རིན་ཐང་ལྟ་བ་དང་གེ་སར་རིག་གནས་ཀྱི་བརྒྱུད་འཛིན་དར་སྤེལ་ཐད་ཐུན་མིན་གྱི་ལྟ་བ་གུ་ཡངས་པོ་ཡོད་པ་སྨྲོས་མེད་རེད། 

བོད་ཀྱི་ན་གཞོན་གཞན་ཕན་ཟླ་བའི་ལོ་རྒྱུས་སྐོར་ཀྲུང་ཧྭ་ཡིང་ཚའེ་ཟླ་ཕྱེད་དུས་དེབ་ཏུ་བཀོད།

བོད་ཀྱི་ན་གཞོན་གཞན་ཕན་ཟླ་བའི་ལོ་རྒྱུས་སྐོར་ཀྲུང་ཧྭ་ཡིང་ཚའེ་ཟླ་ཕྱེད་དུས་དེབ་ཏུ་བཀོད།


བོད་ཀྱི་ན་གཞོན་གཞན་ཕན་ཟླ་བའི་ལོ་རྒྱུས་སྐོར་ཀྲུང་ཧྭ་ཡིང་ཚའེ་ཟླ་ཕྱེད་དུས་དེབ་ཏུ་བཀོད།


དེ་སྔོན་ཁོང་ཉིད་པེ་ཅིང་དུ་བསྡུས་པའི་རྒྱལ་སྤྱིའི་ཆོས་ལུགས་དཔྱད་གླེང་འདུ་འཛོམས་ཆེན་མོར་ཞུགས་ཤིང་གེ་སར་རིག་གནས་དང་འབྲེལ་བའི་གཏམ་བཤད་བྱས་པས། ཕྱོགས་ཡོངས་ནས་གདེང་འཇོག་མི་དམན་པ་ཐོབ་ཡོད།

བོད་ཀྱི་ན་གཞོན་གཞན་ཕན་ཟླ་བའི་ལོ་རྒྱུས་སྐོར་ཀྲུང་ཧྭ་ཡིང་ཚའེ་ཟླ་ཕྱེད་དུས་དེབ་ཏུ་བཀོད།

བོད་ཀྱི་ན་གཞོན་གཞན་ཕན་ཟླ་བའི་ལོ་རྒྱུས་སྐོར་ཀྲུང་ཧྭ་ཡིང་ཚའེ་ཟླ་ཕྱེད་དུས་དེབ་ཏུ་བཀོད།


སྤྱི་ལོ2017ལོར་བུད་མེད་རྩོམ་པ་པོ་གྲགས་ཅན་ཧྲིན་སུ་ཡན沈思源དང་མཉམ་འབྲེལ་སྒོས༼འགྲོ་ཞོར་དུ་འཇལ་ཕྲད་བྱུང་བ༽走着走着就遇见了ཞེས་པའི་རང་རྣམ་བརྩམས་པ་དེས་ཀྱང་སྤྱི་ཚོགས་སུ་གཡོ་འགུལ་ཅུང་ཙམ་བསླངས་ཡོད།

བོད་ཀྱི་ན་གཞོན་གཞན་ཕན་ཟླ་བའི་ལོ་རྒྱུས་སྐོར་ཀྲུང་ཧྭ་ཡིང་ཚའེ་ཟླ་ཕྱེད་དུས་དེབ་ཏུ་བཀོད།
བོད་ཀྱི་ན་གཞོན་གཞན་ཕན་ཟླ་བའི་ལོ་རྒྱུས་སྐོར་ཀྲུང་ཧྭ་ཡིང་ཚའེ་ཟླ་ཕྱེད་དུས་དེབ་ཏུ་བཀོད།

བོད་ཀྱི་ན་གཞོན་གཞན་ཕན་ཟླ་བའི་ལོ་རྒྱུས་སྐོར་ཀྲུང་ཧྭ་ཡིང་ཚའེ་ཟླ་ཕྱེད་དུས་དེབ་ཏུ་བཀོད།

ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ།  རྒྱལ་ཁབ་སྤྱི་ཁྱབ་གསར་འགྱུར་པར་བསྐྲུན་ཅུས་སོགས་ཀྱིས་གཙོ་གནད་དོ་ཁུར་བྱེད་པའི་ཀྲུང་ཧྭ་ཡིང་ཚའེ་ཟླ་ཕྱེད་དུས་དེབ་ཏུ་ཤོག་ངོས་བཞིའི་པར་དབང་བཟུང་པ་ནི་དེ་འདྲའི་ལས་སླ་མོ་ག་ལ་ཡིན།  གནས་ཚུལ་འདིའི་ངོས་ནས་གཞན་ཕན་ཟླ་བ་ལ་སྤྱི་ཚོགས་དང་རྒྱལ་ཁབ་གཞུང་གཉིས་ནས་དོ་མཉམ་གདེང་འཇོག་མཐོན་པོ་ཐོབ་ཀྱིན་ཡོད་པ་མཚོན་ཡོད་ལ། དེས་མ་ཚད་ཁོང་གིས་དེང་རབས་བོད་ཀྱི་ན་གཞོན་རྣམས་ལ་དཔེ་མཚོན་རང་བཞིན་གྱི་མིག་དཔེ་བཟང་པོ་བཞག་ཡོད་པ་རེད།

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་དར་མདོ་ས་ཁུལ་དུ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:མཛེས་མའི་ལུང་པ་རོང་བྲག
  • དོ་སྣང་ཆེ་བའི་རྩོམ།