ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་མཉམ་འབྲེལ་རྟོག་ཞིབ་ཚོ་ཆུང་རང་ཁུལ་དུ་ཡོང་ནས་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་ལ་རྟོག་ཞིབ་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2019-01-28

   ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་ཁབ་སྦྲག་སྲིད་ཅུས། ཀྲུང་གོའི་སྦྲག་སྲིད་ཚོགས་པའི་སྤྱི་གཉེར་ཁང་སོགས་ཀྱི་མཉམ་འབྲེལ་རྟོག་ཞིབ་ཚོ་ཆུང་བཙུགས་ནས་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་དྲིལ་བསྒྲགས་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁུང་ཏེ་ལུང་གིས་སྣེ་ཁྲིད་བྱས་ཏེ། རང་ཁུལ་གྱི་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་ལ་ལས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་རེད། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

   རྟོག་ཞིབ་ཚོ་ཆུང་གིས་དཀར་མཛེས་རྫོང་དུ་བཞུགས་མོལ་ཚོགས་འདུ་འཚོགས་ནས་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་དང་ཁུལ་ཡོངས་ཀྱི་བློ་མཐུན་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ལས་དོན་བསྒྲུབས་ཚུལ་བཅས་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་གཏིང་ཟབ་བྱས་པ་རེད།

   རྟོག་ཞིབ་ཚོ་ཆུང་གིས་བསྟན་དོན། བློ་མཐུན་འཆི་མེད་རྡོ་རྗེའི་བྱས་རྗེས་ལྷག་པར་ཆེ་ཞིང་་སྙིང་སྟོབས་བླ་ན་མེད་པ་ཡིན་ལ། རྒྱལ་ཡོངས་ཀྱི་གལ་ཆེ་བའི་དཔེ་མཚོན་བྱས་ནས་དྲིལ་བསྒྲགས་བྱས་ན་མིང་དོན་མཚུངས་པ་ཞིག་ཡིན་ལ་ངོ་གནོང་ཡང་མི་དགོས། སྤྱི་ཚོགས་ཡོངས་ཀྱིས་ཁོང་གི་བྱས་རྗེས་དྲིལ་བསྒྲགས་བྱས་པ་དང་ཁོང་གི་སྙིང་སྟོབས་དར་སྤེལ་ཁྱབ་ཆེར་བཏང་ནས། སྔོན་ཐོན་དཔེ་བཟང་ཅན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལས་གནས་ནས་གཞི་ཚུགས་ཤིང་གཞུང་དོན་བསྒྲུབས་ཏེ་དུས་རབས་གསར་པར་བྱས་རྗེས་འཇོག་པར་སྐུལ་མ་གཏང་དགོས།

   བྱམས་བློས་ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་བསྒྲགས་ལས་ཀ་སྔར་བས་ཡག་པོ་བསྒྲུབ་དགོས་ཤིང་། རྒྱུན་མི་ཆད་པར་དྲང་ནུས་བརྒྱུད་སྤྲོད་དང་སློབ་གསོ་བྱས་ནས་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། གདེང་ཚོད་བཞི་སྲ་བརྟན། སྲུང་སྐྱོང་གཉིས་ལག་ལེན་བསྟར་བ་བཅས་བྱས་ནས་ལས་གནས་ལ་དམིགས་པ་དང་འགན་སྒྲུབ་འགན་འཁུར། བྱ་སྤྱོད་གསར་གཏོད་བཅས་བྱས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་མགྱོགས་སུ་བསྐྲུན་པར་བྱས་རྗེས་ཆེན་པོ་གཞག་དགོས་ཞེས་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:ཕེང་ཆིང་ཧྭས་ཏན་ཏིག་གིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཁྱད་ཆོས་ལྡན་པའི་མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལམ་
  • ལེ་ཚན་རྗེས་མ།:ཀྲུང་དབྱང་དང་ཞིང་ཆེན་གསར་འགྱུར་སྨྱན་སྦྱོར་གྱིས་རང་ཁུལ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་ཡུལ་དར་རྒྱས་གཏོང་ཚུལ་ལ་བཅར་འདྲི་བྱས།
  • དོ་སྣང་ཆེ་བའི་རྩོམ།