《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ལོ་ཟུང་བྱ་དགའ་སྟེར་བའི་མཛད་སྒོ་ལྷ་སར་སྤེལ་བ།

    མི་དམངས་དྲ་བ།    2019-01-24

《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ལོ་ཟུང་བྱ་དགའ་སྟེར་བའི་མཛད་སྒོ་ལྷ་སར་སྤེལ་བ།

     མི་དམངས་དྲ་བའི་འཕྲིན། ཟླ1ཚེས20ཉིན། 2017ལོ་དང་2018ལོའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》ལོ་ཟུང་བྱ་དགའ་སྟེར་བའི་མཛད་སྒོ་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དུ་སྤེལ་བ་རེད། བྱ་དགའ་འདི་ནི་བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ་》རྩོམ་སྒྲིག་སྡེ་ཁག་གིས་གཙོ་གཉེར་བྱས་ཤིང་། དམིགས་ཡུལ་ནི་རྒྱ་ཆེ་བའི་བོད་ཡིག་ཐོག་གསར་རྩོམ་བྱེད་མཁན་ལ་ཡང་དག་པའི་སྣེ་ཁྲིད་དང་། རྒྱབ་སྐྱོར་དང་སྐུལ་འདེད་ཤུགས་ཆེན་བྱེད་པ་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཛུགས་སྐྲུན་ལས་དོན་བརྟན་བརླིང་གཏོང་བ། འཕེལ་རྒྱས་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་ཆེད་ཡིན། ལོ་ཟུང་བྱ་དགའ་ཡི་ཞིབ་བཤེར་གྱི་ལས་དོན་ནི་འདྲ་མཉམ་དང་དྲང་བདེན། སྤྱི་བསྒྲགས། མངོན་གསལ་བཅས་ཀྱི་རྩ་དོན་ལ་གཞིགས་ནས། ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་གདམ་གསེས་རབ་དང་རིམ་པ་བྱས་མཐར། སྒྲུང་དང་སྙན་ངག ལྷུག་རྩོམ་བཅས་བརྩམས་ཆོས་9ལ་བྱ་དགའ་ཐོབ་འདུག འདི་ནི་བྱ་དགའ་སྟེར་བའི་མཛད་སྒོ་ལ་ཞུགས་པའི་སྐུ་མགྲོན་གྱིས་མིང་ཐོ་འགོད་བཞིན་པ། 

《བོད་ཀྱི་རྩོམ་རིག་སྒྱུ་རྩལ》ལོ་ཟུང་བྱ་དགའ་སྟེར་བའི་མཛད་སྒོ་ལྷ་སར་སྤེལ་བ།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་པར་འཚམས་འདྲི་དང་གནམ་ལོ་གསར་ཚེས་བསུ་བའི་རིག་རྩལ་འཁྲབ་སྟོན་པེ་ཅིན་ནས་བསྡུས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་དུ་སྡོད་པའི་དམག་དཔུང་གི་ལས་བྱེད་པ་རྒན་པར་འཚམས་འདྲི་དང་གནམ་ལོ་གསར་ཚེས་བསུ་བའི་རིག་རྩལ་འཁྲབ་སྟོན་པེ་ཅིན་ནས་བསྡུས།
  • དོ་སྣང་ཆེ་བའི་རྩོམ།