«ཁམས་པའི་འཛུམ་རིས»ལི་ཐང་གི་དམངས་སྲོལ་ཆེད་བསྒྲིགས་པར་དུ་བསྐྲུན།

        2019-01-23

«ཁམས་པའི་འཛུམ་རིས»ལི་ཐང་གི་དམངས་སྲོལ་ཆེད་བསྒྲིགས་པར་དུ་བསྐྲུན།

   ངེད་ཁམས་ཀྱི་ཚགས་པར་ཁང་གིས་ཆེད་དུ་གཉེར་བཞིན་པའི་བོད་ཀྱི་དམངས་སྲོལ་རིག་པའི་ཡི་གེ་དང་འདྲ་པར་ཟུང་ལྡན་གྱི་དུས་དེབ༼ཁམས་པའི་འཛུམ་རིས༽ཞེས་པ་འདི་ཉིད་ཀྱི་སྤྱིའི་འདོན་ཐེངས་ཉེར་གཉིས་པ་ནི་མདོ་ཁམས་ས་ཆེན་པོའི་མཐིལ་ན་མུ་ཏིག་བཞིན་འོད་དུ་འཚེར་བཞིན་ཡོད་པའི་ཁམས་ཀྱི་ལི་ཐང་རྫོང་ཞེས་ལོ་རྒྱུས་རིག་པའི་དཔངས་མཐོ་ཞིང་དམངས་སྲོལ་རིག་པའི་རྫོང་བཙན་པའི་ཡུལ་གྲུ་འདི་གའི་སྔོན་བྱོན་སྐྱེས་ཆེན་དམ་པའི་མཛད་རྣམ་དང་ཡུལ་གྲུའི་འཕོ་འགྱུར་གྱི་ལོ་རྒྱུས་རིག་གནས། དགོན་སྡེའི་བཤད་སྒྲུབ་འཕེལ་རྒྱས་ཀྱི་བསྟན་པ་དར་ཚུལ། ཕྱི་སྣོད་ཁོར་ཡུག་གི་ལྷུན་ཆགས་ཀྱི་གནས་རི་དང་དྭངས་གཙང་གི་མཚོ་དང་མཚེའུ། ཡུལ་འདི་གའི་གཉེན་སྟོན་གོམས་སྲོལ། དགོན་སྡེའི་གར་འཆམ་སྒྱུ་རྩལ་དང་ཆོས་ལུགས་ཀྱི་ཆོ་ག  ལྷད་མེད་དྭངས་གཙང་གི་ཟས་རིགས།གཏམ་གྱི་དཔེ་དང་གླུ་གར་གྱི་ཚིག  གླིང་སྒྲུང་གི་གནའ་ཤུལ་དང་བཤད་པ། གནས་ཀྱི་རྟེན་འགང་ཆེན་སོགས་དམངས་སྲོལ་རིག་གནས་སྐོར་ཞིག་ཆེད་བསྡུས་ཀྱིས་དེབ་སྟོད་སྨད་བར་གསུམ་གྱི་བདག་ཉིད་ཅན་ཞིག་ཏུ་བསྒྲིགས་ནས་པར་བསྐྲུན་འགྲེམ་སྤེལ་བྱ་རྩིས་ཡོད་ལ།

«ཁམས་པའི་འཛུམ་རིས»ལི་ཐང་གི་དམངས་སྲོལ་ཆེད་བསྒྲིགས་པར་དུ་བསྐྲུན།
«ཁམས་པའི་འཛུམ་རིས»ལི་ཐང་གི་དམངས་སྲོལ་ཆེད་བསྒྲིགས་པར་དུ་བསྐྲུན།

   ཐེངས་འདིར་སྤྱིའི་འདོན་ཐེངས་ཉེར་གཉིས་པའམ་སྤྱི་ལོ2018ལོའི་འདོན་ཐེངས་བཞི་པ། ཁམས་ལི་ཐང་གི་དམངས་སྲོལ་རིག་གནས་ཆེད་བསྒྲིགས་ལས་སྟོད་ཆ་འདི་ཉིད་དངོས་སུ་པར་དུ་བསྐྲུན་ནས་སྒོར་ཐོན་ཡོད།

«ཁམས་པའི་འཛུམ་རིས»ལི་ཐང་གི་དམངས་སྲོལ་ཆེད་བསྒྲིགས་པར་དུ་བསྐྲུན།
«ཁམས་པའི་འཛུམ་རིས»ལི་ཐང་གི་དམངས་སྲོལ་ཆེད་བསྒྲིགས་པར་དུ་བསྐྲུན།
«ཁམས་པའི་འཛུམ་རིས»ལི་ཐང་གི་དམངས་སྲོལ་ཆེད་བསྒྲིགས་པར་དུ་བསྐྲུན།

   འདི་ནི་བོད་ཀྱི་ལོ་རྒྱུས་ཁག་ཏུ་མདོ་ཁམས་ཕྱོགས་ཀྱི་ལོ་རྒྱུས་ཉུང་བའི་སྟོང་ཆ་ཆུང་ཆུང་ཞིག་ཁ་སྐོང་གི་མཐུན་རྐྱེན་བསྒྲུབས་ཐུབ་སོང་བས་འདི་ལས་དགའ་འོས་པའི་བྱ་བ་ཞིག་གང་དུ་མཆིས་ཨང་། དེས་མ་ཚད་དེང་སྐབས་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་རྦ་རླབས་དྲག་ཏུ་འཕྱོ་བའི་བང་ཁ་ནས་ཉམས་དང་ཉམས་བཞིན་པའི་ཕ་མེས་ཡང་མེས་ནས་བརྒྱུད་དེ་ཡོང་བའི་དམངས་སྲོལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་པ་གང་མང་ཞིག་ཡིག་ཐོག་ཏུ་ཕབ་ཐུབ་བྱུང་ཡོད་པ་འདི་དག་ཀྱང་བོད་ཕྱི་རབས་པའི་གཞོན་སྐྱེས་དག་ལ་མིག་ལྟོས་བཟང་པོ་ཞིག་བསྩལ་ཐུབ་སོང་བ་དེའང་དགའ་འོས་པའི་ལས་ཤིག་ཅི་ལ་མིན།

«ཁམས་པའི་འཛུམ་རིས»ལི་ཐང་གི་དམངས་སྲོལ་ཆེད་བསྒྲིགས་པར་དུ་བསྐྲུན།

   སླད་ཁམས་ལི་ཐང་གི་ཡུལ་གྲུ་རིང་མོར་བོད་སྐད་ཡིག་གི་བསྟན་པ་སྔར་ལས་དར་ཞིང་སྲིད་འབྱོར་རིག་པའི་མཚོ་མོ་སྔར་ལས་རྒྱས་པའི་སྨོན་འདུན་དང་བཅས་འདི་གའི་རྩོམ་སྒྲིག་པས་ཤར་དར་རྩེ་མདོ་ནས་སྦྱར་བའོ།།

  • ལེ་ཚན་སྔོན་མ།:སྡེ་དགེའི་དམངས་སྲོལ་ཆེད་བསྒྲིགས«ཁམས་པའི་འཛུམ་རིས»པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:«ཁམས་པའི་འཛུམ་རིས»སྡེ་རོང་གི་དམངས་སྲོལ་ཆེད་བསྒྲིགས་པར་དུ་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།