ཁྲེན་ཏུའུ་ལེགས་སྨོན་ཐང་ག་སྒྱུ་རྩལ་ལྟེ་གནས་ལ་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིས་ཐང་ག་སྒྱུ་རྩལ་གསར་རྩོམ་དཔེ་སྟོན་རྟེན་གཞིའི་སྒོ་བྱང་འགེལ་བ།

    གངས་ལྗོངས་ཉི་གཞོན་དྲ་བ།    2019-01-21

   ཟླ་བ་དང་པོའི་ཚེས18ཉིན། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་དང་གསེར་རྟ་རྫོང་ཨུ་རྫོང་སྲིད་གཞུང་། ཝུའུ་ཧུའུ་ཆུས་ཨུའི་འཐབ་འགྱུར་པུའུ་ཡིས་གཙོ་སྒྲུབ་དང་། དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་ཅུས། དཀར་མཛེས་ཁུལ་རིག་གནས་ཁང་།ཁྲེན་ཏུའུ་ལེགས་སྨོན་ཐང་ག་སྒྱུ་རྩལ་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པའི་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིས་ཐང་ག་སྒྱུ་རྩལ་གསར་རྩོམ་དཔེ་སྟོན་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་ཁྲེན་ཏུའུ་རུ་སྤེལ།

ཁྲེན་ཏུའུ་ལེགས་སྨོན་ཐང་ག་སྒྱུ་རྩལ་ལྟེ་གནས་ལ་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིས་ཐང་ག་སྒྱུ་རྩལ་གསར་རྩོམ་དཔེ་སྟོན་རྟེན་གཞིའི་སྒོ་བྱང་འགེལ་བ།

   རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གསུང་བཤད་གནང་བ་དང་། རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན་གྱིས་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིས་ཁྲེན་ཏུའུ་ལེགས་སྨོན་ཐང་ག་སྒྱུ་རྩལ་ལྟེ་གནས་ལ་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་ཐང་ག་སྒྱུ་རྩལ་གསར་རྩོམ་དཔེ་སྟོན་རྟེན་གཞིའི་སྒོ་བྱང་འགེལ་བའི་ཆོག་མཆན་གྱི་ཡིག་ཆ་སྒྲོག་ཀློག་གནང་།

ཁྲེན་ཏུའུ་ལེགས་སྨོན་ཐང་ག་སྒྱུ་རྩལ་ལྟེ་གནས་ལ་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིས་ཐང་ག་སྒྱུ་རྩལ་གསར་རྩོམ་དཔེ་སྟོན་རྟེན་གཞིའི་སྒོ་བྱང་འགེལ་བ།

    ཝུའུ་ཧུའུ་ཆུས་འཐབ་འགྱུར་པུའུ་ཡི་པུའུ་ཀྲང་ཝང་རུའེ་ཕིང་དང་། གསེར་རྟ་རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་བཀྲ་ཤིས་ཟླ་བ།མགོ་ལོག་ཁུལ་གྱི་གེ་སར་ཞིབ་འཇུག་པ་གྲགས་ཅན་གདོང་ནོར་སྡེ། ཡུལ་ཤུལ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཕུན་ཚོགས་ཟླ་བ།རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཀརྨ་སྒར་བྲིས་ཀྱི་རྒྱུད་འཛིན་པ། བོད་ཀྱི་ལྷ་བཟོ་གྲགས་ཅན་ལེགས་སྨོན་བཅས་ཀྱིས་གསུང་བཤད་གནང་ཞིང་། པེ་ཅིན་དང་།ཡུན་ནན།མཚོ་སྔོན། སི་ཁྲོན་སོགས་ནས་ཕེབས་པའི་མཁས་དབང་ལྔ་བཅུ་ལྷག་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་ཡོད།

ཁྲེན་ཏུའུ་ལེགས་སྨོན་ཐང་ག་སྒྱུ་རྩལ་ལྟེ་གནས་ལ་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གིས་ཐང་ག་སྒྱུ་རྩལ་གསར་རྩོམ་དཔེ་སྟོན་རྟེན་གཞིའི་སྒོ་བྱང་འགེལ་བ།

   ཕྱིར་དྲོར། གེ་སར་ཐང་གའི་སྒྱུ་རྩལ་མཉམ་རོལ་དུས་སྟོན་ཞེས་པའི་བགྲོ་གླེང་ཚོགས་འདུ་འཚོགས་ནས་ས་གནས་ཁག་གི་མཁས་དབང་ཚོས་གེ་སར་ཐང་གའི་གནས་བབ་དང་འཕེལ་རྒྱས་གཏོང་ཕྱོགས་སྐོར་ལ་དགོངས་འཆར་ལྷུག་སྩོལ་གནང་།།

  • ལེ་ཚན་སྔོན་མ།:ལི་ཁེ་ཆང་གིས་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐུའོ་ལ་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་གི་རྗེས་དྲན་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།