དར་མདོའི་མཚན་གཞས།

མིག་གསར་བ།        2019-01-18

སེམས་པ་ངལ་ཞིང་དུབ་དུས།།

སྐྱོ་བའི་གར་དང་གཞས་ཡིན།།

མ་ངེས་འཇིག་རྟེན་ཆེན་པོ།།

སྨྲེང་བའི་གཙང་བོ་འདྲ་བྱུང་།།

ཞེ་ཡི་ཨ་ཅག་བུ་མོ།།

ཞེ་སེམས་འདྲེས་ཐབས་མི་འདུག།

གདོང་གི་ཤ་དང་རི་མོ།།

གཟེར་ཡང་སྨན་པ་མི་འདུག།

དར་རྩེ་མདོ་ཡི་བྱིའུ་ཆུང་།།

ཉིན་སྲིབ་བར་ན་འཁོར་ཡང་།།

ཨ་ཅག་བུ་མོའི་འཕྲིན་ལན།།

ཡིག་སྒམ་ནང་ན་མི་འདུག།


  • ལེ་ཚན་སྔོན་མ།:ཁྱོད་རང་དྲན་ཚུལ།
  • ལེ་ཚན་རྗེས་མ།:ཟླ་བ་དེའི་ལ་གཞས།