ཨ་མ།

སྦྲང་བུ།        2019-01-16

སེམས་པའི་གྲོང་དུ་གནའ་གཏམ་བོར་བའི་པོ་ཏི་བཅུ་གཉིས་གླེགས་བམ་དུ།།

འཇིག་རྟེན་ཞལ་ངོར་དཀར་ནག་ལྷུང་བའི་སེམས་པའི་དཀྱིལ་དུ་དཀར་ཆག་དེ།།

ཆུང་གི་དུས་ན་སེམས་པ་རུམ་པའི་སྙིང་གི་གཡས་གཡོན་ཡུམ་ཆེན་ལགས།།

དཀའ་སྡུག་བྱེ་བའི་མི་ཚེ་ཀློང་ནས་བྱད་གཟུགས་ཡག་པོ་སེམས་སུ་འཐིམ།།

 

མི་རོ་རྩེ་སྒྲུང་རྣ་བ་དཀྲོལ་བའི་ལྷིང་འཇགས་མཚན་མོའི་ཞག་ཚན་ལ།།

མུ་ཏིག་དགུ་བའི་སེམས་པ་བསླུས་བའི་བཅོ་ལྔའི་དུང་གི་བརྩེ་བ་སོགས།།

སྨུག་པ་བཞིན་དུ་ནག་ནོག་གོས་པའི་དུས་ཀྱི་སེམས་པའི་དཀྱིལ་འཁོར་ན།།

ཨ་མའི་བྲང་དུ་གཡུ་ཆུང་དྲུག་དཀར་སེམས་པའི་ནང་དུ་གསལ་ཏིག་ཏིག།

 

སེམས་པའི་ངལ་གསོ་དང་དུ་བླངས་དང་བཞིན་རས་གཙང་བའི་བདག་ཀྱེ་མ།།

གནས་མལ་ཞིག་ལ་སེམས་པ་བསྟིམ་དང་སེམས་ཀྱི་བང་རྩལ་དགེ་ཡིས་བསྡུས།།

དཀར་ནག་མི་ཡི་འགྲོས་སུ་ཕུལ་བའི་སེམས་གཞས་ཤིག་གི་གཞོང་ཐང་ན།།

གླུ་བརྒྱ་ངག་གི་སེམས་གཞས་འབུལ་ཆོག་ཁྱིམ་གཞིས་དྲོན་མོའི་སྟ་གོན་ཡོད།།

 

གཞོན་པའི་ཐང་ཆེན་གྲང་ངར་རྒོད་ཀྱང་མུ་ཏིག་ཡོངས་ཀྱི་ཁྱེད་རང་བྲིས།།

བཞིན་རས་སྟོང་ལ་མེ་ཏོག་འབྲི་བའི་སེམས་ཀྱི་བུམ་པའི་གཞིས་དེ་གསལ།།

ཡང་དུ་བཀླགས་པའི་གླེགས་བམ་གསེབ་ཏུ་སྙན་ངག་གསོན་པོའི་རྣམ་ཤེས་ལགས།།

སེམས་པའི་མཁའ་དབྱིངས་གྲང་ངར་ཕྱུར་ཡང་རྣམ་ཤེས་དེ་ཡིས་རང་ཉིད་མཛེས།།

 

ཐུགས་དགོངས་བཟང་པོའི་མི་ཚེ་ཧྲེང་བའི་ཐབ་ཚང་ཞིག་ཏུ་ཁྱེད་རབ་མཛེས།།

ཐུགས་བཞེད་དཀར་པོའི་རང་མདངས་ངོམ་པའི་མིང་སྲིང་ཡོངས་ཀྱི་བདག་ཀྱེ་མ།།

བཀའ་དྲིན་བག་ཏུ་མཆོད་མཇལ་སོང་ཡང་ཁྱེད་ཀྱི་བཀའ་དྲིན་གསེར་སྲང་སྟོང་།།

རྣམ་ཤེས་དྲོད་མོའི་སེམས་པ་གསོ་བའི་བྱད་གཟུགས་ཡག་མོའི་བདག་ཀྱེ་མ།།

 

སེམས་པའི་གྲོང་དུ་རྣམ་ཤེས་བོར་ཡང་སེམས་གཞས་མཁར་དུ་ཁྱེད་ཉིད་མཇལ།།

རྨི་ལམ་རྨིས་པའི་སེམས་ཀྱི་མཚན་མོའི་གཤོག་ཡ་ཞིག་གིས་མཁའ་རུ་ལྡིང་།།

ཁྱེད་རང་པད་མོའི་བཞིན་རས་ཞིག་ལ་རང་སེམས་གཙང་མའི་དད་པ་སྐྱེས།།

སྤྱན་ཟུང་གཉིས་ཀར་བརྩེ་བས་ཟིན་པའི་རང་མདངས་དམར་པོ་ད་རུང་ལྷག།


  • ལེ་ཚན་སྔོན་མ།:ཚངས་དབྱངས་རྒྱ་མཚོར་ཕུལ་བའི་མཆོད་གླུ།
  • ལེ་ཚན་རྗེས་མ།:ཁྱོད་རང་དྲན་ཚུལ།