རང་ཁུལ་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན28ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ནང་ཞུགས།

བདེ་སྐྱིད་ཀྱིས་བསྒྱུར།        2019-01-16

    སྤྱི་ཟླ་དང་པོའི་ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད9པའི་ཐོག སྲིད་གྲོས་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་དེ་ཁྲེང་ཏུའུ་ཅིང་ཉིའུ་མགྲོན་ཁང་གི་ཚོགས་ཁང་ཆེན་མོ་ནང་གཟབ་རྒྱས་ངང་འཚོག་འགོ་ཚུགས་པ་རེད། རང་ཁུལ་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན28གྲོས་ཚོགས་ནང་ཞུགས་པ་རེད།

    གསར་འགོད་པས་སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་དྲུག་ཡོད་པ་སྟེ། གཅིག་ནི་སྲིད་གྲོས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ལ་ཉན་འཇོག་དང་གྲོས་ཞིབ་བྱ་རྒྱུ། གཉིས་ནི་སྲིད་གྲོས་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་འཆར་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང་ལ་ཉན་འཇོག་དང་གྲོས་ཞིབ་བྱ་རྒྱུ། གསུམ་ནི་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ལ་ཟུར་ཞུགས་བྱས་ནས། སྲིད་ཞུང་ལས་དོན་སྙན་སེང་དང་འཆར་གཞིའི་སྙན་སེང་། སྔོན་རྩིས་སྙན་སེང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་བཅས་ལ་ཉན་འཇོག་དང་གྲོས་བསྡུར་བྱ་རྒྱུ། བཞི་ནི་སྲིད་གྲོས་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་ཆོད་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་འབྱུང་རྒྱུ། ལྔ་ནི་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་གྲོས་འཆར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་འཆར་ལ་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སེང་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་འབྱུང་རྒྱུ། དྲུག་ནི་མི་དོན་ལས་དོན་གཞན་དག་བཅས་རེད།

   གྲོས་ཚོགས་འཚོག་རིང་། རང་ཁུལ་གྱི་སྲིད་གྲོས་ཨུ་ཡོན་ད་དུང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་འབྲེལ་ཡོད་ཚོགས་འདུའི་ནང་ཞུགས་རྒྱུ་རེད།།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ཁྲེན་ཏུའུ་རུ་ཚོགས་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:སི་ཁྲོན་སྐྱོང་བ་དང་དར་རྒྱས་གཏོང་བར་གྲུབ་འབྲས་སྔར་བས་ཆེན་པོ་ཐོབ་པར་ཐབས་འདོན་ཇུས་འབུལ་བྱས།
  • དོ་སྣང་ཆེ་བའི་རྩོམ།