སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ཁྲེན་ཏུའུ་རུ་ཚོགས་འགོ་བརྩམས་པ།

    གངས་ལྗོངས་ཉི་གཞོན།    2019-01-15

སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ཁྲེན་ཏུའུ་རུ་ཚོགས་འགོ་བརྩམས་པ།

        སྤྱི་ཟླ་དང་པོའི་ཚེས་13ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཁྲེན་ཏུའུ་རུ་ཚོགས་འགོ་བརྩམས་པ།

        ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། འགོ་ཚུགས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཁོ་ཙུན་ཕིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་། འགོ་ཚུགས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཚུའེ་པའོ་ཧྭ།  ཀྲུང་མེན།  ཀྲང་ཡུས་ཏུང་།  ཝང་ཀྲེང་རུང་།  ཀྲའོ་ཀྲེན་ཞན།  ཁྲེན་ཧྥང་།  ལིན་ཧྲུའུ་ཁྲེང་།  ཨོའུ་དབྱང་ཙེ་ཧྭ།  ཀྲུའུ་ཁྲུན་ཞིའུ།  ཝང་ཅན་ཅུན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
        ཀྲུང་གུང་སི་ཁྲོན་ཞིང་ཆེན་ཞིང་ཨུའུ་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་། ཞིང་ཨུའུ་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི། ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་། ནུབ་ཕྱགས་འཐབ་ཁུལ་མཁའ་དམག་ཆབ་སྲིད་ཨུ་ཡོན་ཅང་ཕིང་སོགས་ཚོགས་འདུར་ཞུགས་ནས་རྟེན་འབྲེལ་ཞུས་པར་མ་ཟད་ཀྲུའུ་ཞི་སྟེགས་བུར་བཞུགས། 
        ཐེངས་འདིའི་ཚོགས་ཆེན་ལ་ཞུགས་དགོས་པའི་ཨུ་ཡོན་870ཡོད་པ་དང་།  དངོས་སུ་ཞུགས་མཁན་831ཡོད་པས་སྲིད་གྲོས་ཀྱི་སྒྲིག་ཡིག་གཏན་འབེབས་དང་མཐུན།
        སྔ་དྲོའི་ཆུ་ཚོད་དགུའི་སྟེང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་འགོ་ཚུགས།

        ཚོགས་ཆེན་སྟེང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་། 

སི་ཁྲོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་ཁྲེན་ཏུའུ་རུ་ཚོགས་འགོ་བརྩམས་པ།

        ཚུའེ་པའོ་ཧྭ་ཡིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་མཛད་ནས་གྲོས་ཚོགས་ཐོག་ལས་ཀའི་སྙན་ཞུ་ཕུལ། སྙན་ཞུའི་ནང་། ལོ་གཅིག་གི་རིང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་སྟོན་ནུས་ལྡན་འོག  ཞིང་ཆེན་སྲིད་གྲོས་དང་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་ཀའི་མཛུབ་སྟོན་སྙིང་དོན་གལ་ཆེན་རབ་དང་རིམ་པ་ལ་སློབ་སྦྱོང་དང་ལག་བསྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ལས་ཀ་ཇེ་དྲག་དང་ལེགས་བཅོས་གཏོང་བའི་དགོངས་པ་གལ་ཆེན་གཞི་འཛིན་ས་བྱེད་པ། དུས་རབས་གསར་པའི་ནང་མི་དམངས་སྲིད་གྲོས་ལས་ཀའི་འགན་འཁྲི་ལས་འགན་དམ་པོ་འཛིན་པ། ཞིང་ཆེན་ཏང་ཨུའི་ལས་ཀ་གཙོ་བོ་གོང་དུ་སྐུལ་འདེད་གཏོང་བར། སྲིད་གྲོས་འགན་འཁྲི་ཡག་པོ་འཁུར་བ་དང་། གྲོས་མོལ་དམངས་གཙོའི་བྱེད་ཐབས་གཙོ་བོ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྐབས་འདིའི་སྲིད་གྲོས་ལས་ཀ་འགོ་ཡག་པོ་ཚུགས་པ་བཅས་བྱས་ནས། སི་ཁྲོན་སྐྱོང་བ་དང་སི་ཁྲོན་དར་སྤེལ་གཏོང་བའི་ཐད་བྱས་རྗེས་འཇོག་གང་ཐུབ་བྱེད་དགོས་ཞེས་བཏོན། 
        སྙན་ཞུའི་ནང་སི་ཁྲོན་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་འདས་པའི་ལོ་གཅིག་གི་རིང་གི་ལས་ཀ་གཙོ་བོར་ཕྱིར་རྟོག་བྱས་པ་རེད། 2019ལོའི་ལས་འགན་གཙོ་བོ་བཏོན་པ་རེད། གཅིག་ནི། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ཇེ་དྲག་དང་། ལྟེ་གནས་སྲུང་སྐྱོང་དང་ནམ་ཡང་ཏང་གི་རྗེས་སུ་འབྲང་དགོས། གཉིས་ནི། འགན་འཁྲི་གཙོ་བོ་འཛིན་པ་དང་ལྷག་བསམ་ཟོལ་མེད་ཀྱིས་ནུས་ཤུགས་འདོན་ནས་འཕེལ་རྒྱས་ལ་རོགས་འདེགས་བྱེད་དགོས། གསུམ་ནི། ཐོག་མཐའ་བར་གསུམ་དུ་མི་དམངས་གཙོ་བོ་འཛིན་པ་དང་། དམངས་འཚོ་ལ་ཐུགས་ཁུར་བྱེད་པ་དང་འགག་སྒྲོལ་ཡག་པོ་བྱེད་དགོས། བཞི་ནི། སྲིད་གྲོས་གྲོས་མོལ་དམངས་གཙོ་ལ་སྐུལ་འདེད་ཡག་པོ་དང་། གཅིག་མཐུན་ལྟ་བ་ཇེ་མང་བཏང་ནས་མཐུན་བསྒྲིལ་ལ་སྐུལ་འདེད་གཏོང་དགོས། ལྔ་ནི། སྲིད་གྲོས་ཏང་བཙུགས་སྣེ་ཁྲིད་འབུར་ཐོན་དང་། ནུས་པ་མཐོར་འདེགས་དང་ནུས་རྩལ་ཇེ་དྲག་བཏང་ནས། སྲིད་གྲོས་ལས་ཀ་སྤུས་ཚད་མཐོན་པོ་འཕེལ་རྒྱས་ཡོང་བར་རྒྱུན་ཆད་མེད་པ་སྐུལ་འདེད་བཏང་ནས། སི་ཁྲོན་སྐྱོང་བ་དང་སི་ཁྲོན་དར་རྒྱས་གཏོང་བར་རོགས་འདེགས་བྱ་དགོས།
        ཕེང་ཆིང་ཧྭ་ཡིས་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཚབ་མཛད་ནས་གྲོས་ཚོགས་འཚོགས་པར་དགའ་སྟོན་རྟེན་འབྲེལ་ཞུས། སྲིད་གྲོས་ཨུ་ཡོན་ཡོངས་དང་ཚོགས་ཞུགས་བློ་མཐུན་རྣམས་ལ་སྙིང་ཉེ་བའི་འཚམས་འདྲི་ཞུས་པ་རེད། ཕེང་ཆིང་ཧྭ་ཡིས། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་ལག་བསྟར་ཟབ་མོ་བྱེད་པའི་ལོ་གལ་ཆེན་ཡིན། ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་ལ་རྒྱལ་ཁ་ཐོབ་པའི་འགག་རྩའི་ལོ་ཡིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ལོ་ཡང་ཡིན། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་རིམ་པ་ཁག་གི་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཆུད་པ་དང་། འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་ཡིད་ཆེས་བཞི་ཇེ་དྲག་གཏོང་བ། སྲུང་སྐྱོང་གཉིས་ལག་བསྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཡིད་ཆེས་བརྟན་པོ་ཡོད་མཁན་དང་ལྷག་བསམ་རྣམ་དག་གི་ལག་བསྟར་པ་རང་འགུལ་གྱིས་བྱེད་པ།  བཅོས་བསྒྱུར་སྒོ་འབྱེད་ཀྱི་སྙིང་དོན་དར་སྤེལ་ཆེན་པོ་དང་། འགག་སྒྲོལ་ཆེན་པོ་གསུམ་ཡག་པོ་སེལ་བར་དམ་པོ་དམིགས་ཤིང་། རྩ་གཅིག་ཡན་མང་དང་ཁུལ་ལྔ་མཐུན་སྦྱོར། ཕྱོགས་བཞི་རྒྱ་བསྐྱེད། ཁོངས་ཡོངས་སྒོ་འབྱེད་བཅས་ལ་དམ་པོ་དམིགས་པ། ལྔ་ཐོག་གཅིག་སྣོན་གྱི་དེང་རབས་ཐོན་ལས་མ་ལག་འཛུགས་པ། བཟོ་སྐྲུན་ལས་རིགས་དང་ཞབས་ཞུ་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་དངོས་སུ་འགན་སྲུང་དང་འཐུས་ཚང་གཏོང་བ། རིག་གནས་ཡུལ་སྐོར་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་སོགས་ལ་རྟོག་ཞིབ་དང་དམངས་གཙོ་ལྟ་སྐུལ་དོ་དམ། གྲོས་འགོ་ཡག་པོ་བཏོན་པ། དོན་དངོས་སྲིད་ཇུས་མང་པོ་བཏོན་དགོས། གྲོས་མོལ་ནང་དོན་དང་རྣམ་པ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་། ཏང་ཕྱིའི་ཤེས་ཡོན་མི་སྣ་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ། སྤྱི་ཚོགས་རིམ་པ་གསར་པའི་མི་སྣ་སོགས་དང་མཐུན་བསྒྲིལ་དམ་པོ་བྱས་ནས། སི་ཁྲོན་སྐྱོང་བ་དང་སི་ཁྲོན་དར་རྒྱས་གཏོང་བའི་ཐད་ནུས་པ་འདོན་དགོས། སྲིད་གྲོས་ཏང་གི་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཇེ་དྲག་དང་། ནམ་ཡང་ཆབ་སྲིད་འཛུགས་སྐྱོང་གོ་གནས་གལ་ཆེན་དུ་འཛིན་པ། ཏང་གི་འཛུགས་སྐྱོང་ཁག་གཅིག་གྱུར་སྐུལ་འདེད། རུལ་སུངས་ལ་ངོ་རྒོལ་དྲག་པོ་བྱེད་པ། རིམ་པ་ཁག་གི་སྲིད་གྲོས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་ཁྲིད། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་ཇེ་དྲག་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་དམ་འཛིན་ནུས་པ་དང་རྟོག་ཞིབ་ཞིབ་འཇུག་ནུས་པ། མང་ཚོགས་ལ་འབྲེལ་བ་བྱེད་པའི་ནུས་པ། མཉམ་ལས་མཉམ་སྒྲུབ་ནུས་པ་བཅས་མཐོར་འདེགས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ཀྱི་གནས་བབ་གསར་པ་བསྐྲུན་དགོས། སི་ཁྲོན་ཞིང་ཆེན་རིམ་པ་ཁག་གི་ཏང་ཨུ་ཡིས་སྲིད་གྲོས་ལས་ཀར་སྣེ་ཁྲིད་དང་། ཆབ་སྲིད་གྲོས་མོལ་ཏང་ཨུའི་ཐབས་ཇུས་གོ་རིམ་ནང་བཀོད་པ། སྲིད་གྲོས་ཀྱིས་བཏོན་པའི་གྲོས་གཞི་དང་གྲོས་འགོ་ཡག་པོ་བསྒྲུབས་ནས། སྲིད་གྲོས་ལས་ཀར་འཕྲད་པའི་དོན་དངོས་དཀའ་ཁག་དང་གནད་དོན་དངོས་སུ་བསལ་བ་དང་། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཡག་པོ་བྱས་ནས། རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་ཀྱིས་ཁྲིམས་ལུགས་སྒྲིག་སྲོལ་ལྟར་ལས་ཀར་སྤེལ་བར་འགན་སྲུང་བྱེད་པ་དང་། མི་དམངས་སྲིད་གྲོས་ཆབ་སྲིད་ཀྱི་གོ་གནས་དང་གྲོས་གཞི་ཡག་པོ་བཏོན་པ། གྲོས་གཞི་བཏོན་ས་ཡོད་པ་བཅས་ལ་ཁག་ཐེག་བྱ་དགོས་ཞེས་ནན་གསུང་གནང་།། 


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ཁྲེན་ཏུའུ་རུ་ཚོགས་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:རང་ཁུལ་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན28ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ནང་ཞུགས།
  • དོ་སྣང་ཆེ་བའི་རྩོམ།