2018ལོར་མཚོ་བོད་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་གཏོད་པ།

    མི་དམས་ཉིན་རེའི་ཚགས་པར།    2019-01-15

    ཉིན་ཤས་གོང་། གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར། 2018ལོ་ཚུན་དུ། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1655.6དང་དངོས་ཟོག་ཏུན་ཁྲི་3400.3ཟིན་པ་དེ་དུས་མཚུངས་ལས་10.3%དང་5.8%འཕར་ནས་འགྲུལ་སྐྱེལ་བྱེད་ཚད་མཚོ་བོད་ཚོགས་པ་ཀུང་སིའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    2018ལོའི་ཟླ་8པར། མཚོ་བོད་ལྕགས་ལམ་རྒྱ་སྐྱེད་དང་རྒྱས་བསྐྲུན་གྱི་ལས་གྲྭ་ཨ་མ་ལེགས་གྲུབ་བྱུང་བར་བརྟེན། མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་སའི་ལམ་དུམ་བར་དེ་སྔའི་བབས་ཚུགས་45ནས་ད་ཆའི་བབས་ཚུགས་58བར་མང་དུ་ཕྱིན་པ་དང་། སྐྱེལ་འདྲེན་ནུས་པ་80%མཐོ་རུ་ཕྱིན་ཡོད། མཚོ་བོད་ཚོགས་པ་ཀུང་སིས་གོ་སྐབས་དམ་འཛིན་བྱས་ཏེ། “ཉིན་གཅིག་ལ་དཔེ་རིས་གཅིག”གི་འཁོར་སྐྱོད་ལམ་སྲོལ་བཙུགས་པ་དང་འབྲེལ“6+11”དང“8+8”མེ་འཁོར་འཁོར་སྐྱོད་ཀྱི་ཇུས་གཞི་ཡང་ལག་བསྟར་བྱས་ཡོད།

    2018ལོའི་དབྱར་དུས་སྐྱེལ་འདྲེན་བྱེད་རིང་། མཚོ་བོད་ལྕགས་ལམ་ཀུང་སིས“ཀྲུང་གོ་ཡོན་ཙེ་ཁྲེང་རྟགས་ཅན”དང“ཐང་འཕགས་གནའ་ལམ”རྟགས་ཅན། “གཏེར་ལེན་ཁ་རྟགས་ཅན”སོགས་མཚོ་བོད་ས་མཐོའི་མི་རིགས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་མེ་འཁོར་མང་པོ་བཏང་བར་རིམ་རྩིས་བྱས་ན་འགྲུལ་སྐྱེལ་མེ་འཁོར་1220ཁ་སྣོན་བྱས་པར་བརྟེན་དབྱར་དུས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ཚུན་གྱི་ལོ་12རིང་གི་ཟིན་ཐོ་གསར་པ་བཏོད་ནས་མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།


  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱིས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་སྟེགས་བུ་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཁྲིམས་ལུགས་ཀྱི་བློ་འདྲི་གཞི་རྩའི་ཆ་ནས་ཁྱོན་ཡོངས་ལ་ཁེབས་པ།
  • དོ་སྣང་ཆེ་བའི་རྩོམ།