ལོ་གསར་པར་བཀྲ་ཤིས་སྨོན་འདུན་ཞུ། ཐུགས་ཁུར་གཅེས་སྐྱོང་གནང་བས་མི་སེམས་དྲོས།

ལྷ་འཛོམས་ཀྱིས་བསྒྱུར།        2019-01-14

    སྤྱི་ལོ་དང་པོའི་ཚེས3ནས་ཚེས4ཉིན་བར་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུའི་པུའུ་ཀྲང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་ཡིས་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུའི་པུའུ་ཀྲང་གཞོན་པ་སེན་དབྱང་དང་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའུ་གྲུབ་མི་དང་ཀྲུའུ་ཞི་གཞོན་པ་ཀྲོའུ་ཅན་སོགས་ལས་གྲུབ་པའི་ལས་སྒྲུབ་ཚོ་ཆུང་སྣེ་ཁྲིད་དེ་རང་ཁུལ་གྱི་དར་མདོ་དང་ལྕགས་ཟམ་སོགས་ས་གནས་ལ་ཕྱིན་ནས་རང་ཁུལ་གྱི་དགོན་པའི་གྲྭ་བཙུན་དང་བཅའ་སྡོད་དྲག་ཆས་ཉེན་རྟོག་པ། དབུལ་ཕོངས་ཏང་ཡོན། དཀའ་ངལ་ཡོད་པའི་ཏང་མི་དང་ལས་བཟོ། ངལ་རྩོལ་དཔེ་བཟང་བཅས་ལ་འཚམས་འདྲི་གནང་བར་མ་ཟད། ད་དུང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་མཛད་དེ་ལོ་གསར་པར་བཀྲ་ཤིས་སྨོན་འདུན་ཞུ་བ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེན་ཧྭ་དང་ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲུང་། ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་བ། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་བཅས་འཚམས་འདྲི་ནང་ཕེབས་རོགས་མཛད་པ་རེད།

    ཐེན་ཞང་ལི་དང་བཅས་པས་སྔ་ཕྱིར་དར་མདོ་གྲོང་ཁྱེར་ལྷ་མོ་རྩེ་དགོན་དང་དྲག་ཆས་ཉེན་རྟོག་ཡན་ལག་རུ་ཁག་གཉིས་པ། གཡག་རྔ་ནས་ཞིན་ཅང་ཡེ་གྲོང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་སྟེ་ཕག་མོ་རི་བོའི་ཕུག་ལམ་འཛུགས་སྐྲུན་བྱ་ཡུལ་དང་རྒྱལ་སྲུང་གཞུང་ལམ318པའི་མི་ཉག་ལྟག་སྒོ་ནས་ལྕེ་ཐོག་ཁོར་ཡུག་བཅོས་སྐྱོང་ཨར་ལས་ཀྱི་ཨར་པོ་རྒྱག་ཡུལ། ལྕགས་ཟམ་རྫོང་གི་ནགས་ལས་བཟོ་ལས་སྤྱི་ཁྱབ་སྤྱི་གཉེར་ཁང་བཅས་སུ་ཕྱིན་ནས་དཀའ་ངལ་ཡོད་པའི་ཏང་ཡོན་གྱི་འཐུས་མི་དང་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་བཟང་གི་འཐུས་མི། དཀའ་ངལ་ཡོད་པའི་ལས་བཟོའི་འཐུས་མི་བཅས་ཀྱི་ཁྱིམ་དུ་ཕྱིན་ནས་ཚང་མར་སྙིང་ཐག་པ་ནས་འཚམས་འདྲི་ཞུ་བ་དང་ཚང་མས་གོང་རིམ་ལ་བདེ་སྡུག་དང་རེ་འདུན་ཞུ་རྒྱུ་གང་ཡོད་ཞིབ་ཚགས་དྲིས་པ་རེད།

    ཐེན་ཞང་ལི་ཡིས་ནན་གསུང་གནང་དོན། དཀར་མཛེས་ཁུལ་གྱི་རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་པ་གླ་པ་དང་ཚོགས་སྤྱི་ཆེན་པོ་བརྒྱད་ཀྱི་ལས་བཟོའི་ཞབས་འདེགས་འགན་སྲུང་ལས་ཀ་དོན་ཐོག་འཁྱོལ་བ་བྱེད་པ་དང་། རང་ཡུལ་དུ་ལོག་པའི་ཞིང་པ་གླ་པར་བདེ་འདྲི་ལས་ཀ་ཡོངས་སུ་ཁྱབ་པ་བྱེད་པ་དང་དཔྱིད་གསར་དུས་ཆེན་ནང་གཟིགས་སྐྱོང་བྱེད་སྒོ་ཡག་མོ་ཏན་ཏིག་སྤེལ་ཞིང་། རྒྱ་ཆེའི་ཞིང་པ་གླ་པར་ཏང་ཨུ་དང་སྲིད་གཞུང་གིས་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་ཚོར་སྣང་བྱེད་དུ་བཅུག་པ་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་བཟོ་ཚོགས་ཀྱིས་སེམས་ཁུར་ཡག་མོ་དང་ཞབས་འདེགས་ཡག་མོ། དྲིལ་བསྒྲགས་ཡག་མོ་བཅས་ཀྱི་ལས་ཀ་ལེགས་སུ་བསྒྲུབ་དགོས།

    བཞུགས་མོལ་ཚོགས་འདུའི་ཐོག་ཐེན་ཞང་ལི་ཡིས་རང་ཁུལ་གྱི་ཞིང་པ་གླ་པའི་ཚོགས་སྤྱི་ཆེན་པོ་བརྒྱད་ཀྱི་ལས་བཟོའི་བསམ་འཆར་དང་གྲོས་གཞི་གསན་འཇོག་གནང་རྗེས་དེར་ཞིབ་འཇུག་ནན་ཏན་བྱས་ནས་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།

    ལུའོ་ཀྲེན་ཧྭ་ཡིས་རང་ཁུལ་གྱིས་འབྲེལ་ཡོད་ལས་ཀ་དོན་འཁྱོལ་བྱ་རྒྱུར་ནན་ཏན་སྒོས་ཡག་མོ་བསྒྲུབས་ཤིང་། སྒྲིག་འཛུགས་ཞིབ་ཚགས་དང་ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱས་ནས་ཞིང་ཆེན་ཏང་ཨུའི་ཞིང་པ་གླང་པའི་ཚོགས་སྤྱི་ཆེན་པོ་བརྒྱད་ཀྱི་ལས་བཟོའི་འབྲེལ་ཡོད་སྲིད་ཇུས་དོན་ཐོག་འཁྱོལ་བ་བྱེད་པ་དང་དོ་དོ་དན་དན་གྱིས་ཞིང་མི་གླ་པར་ཞབས་འདེགས་ཡག་མོ་ཞུ་བ་དང་ཚོགས་སྤྱི་ཆེན་པོ་བརྒྱད་ཀྱི་ཞབས་འདེགས་ལས་ཀ་ཡག་མོ་བསྒྲུབས་ཏེ་རང་ཁུལ་གྱི་ཞིང་པ་གླ་པའི་ལས་ཀར་ལམ་སྲོལ་ཡོད་པ་དང་འགན་སྲུང་ཡོད་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།། 


  • ལེ་ཚན་སྔོན་མ།:ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་དམངས་སྲོལ་དངོས་མིན་རིག་གནས་ཤུལ་བཞག་ཁང་སྟེ། མི་རིགས་སྒྱུ་རྩལ་གྱི་དྲན་འཆར་བང་མཛོད།
  • དོ་སྣང་ཆེ་བའི་རྩོམ།