གྲོང་གསེབ་དར་སྤེལ་དབྱར་གྱི་མཚོ་ལྟར་རྒྱས།། མཛེས་སྡུག་ཁྱིམ་གཞིས་རི་མོ་བཀོད་དང་མཚུངས།།

ལྷ་འཛོམས་ཀྱིས་བྲིས་ཤིང་པར་བླངས།        2018-12-19

གྲོང་གསེབ་དར་སྤེལ་དབྱར་གྱི་མཚོ་ལྟར་རྒྱས།། མཛེས་སྡུག་ཁྱིམ་གཞིས་རི་མོ་བཀོད་དང་མཚུངས།།

    རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བབ་རྒྱུད་དུ་གནས་པའི་དར་མདོ་གྲོང་ཁྱེར་དང་རོང་བྲག་རྫོང་། ལྕགས་ཟམ་རྫོང་བཅས་ཀྱིས་རང་བྱུང་མཛེས་ལྗོངས་དང་ཞིང་ཁའི་ཡུལ་ལྗོངས། བཟོ་སྐྲུན་གྱི་ཉམས་འགྱུར། ལོ་རྒྱུས་ཤུལ་བཞག དམངས་སྲོལ་རིག་གནས། ཉམས་ལེན་བྱེད་སྒོ། ཁྱད་ཆོས་ལྡན་པའི་ཐོན་རྫས་བཅས་ལ་གནས་ཏེ་ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པར་བརྟེན་འཚོ་བ་ཕྱུག་ཅིང་གྲོང་སྲོལ་ཡ་རབས་ཚུལ་དང་ལྡན་པ། གྲོང་ཚོའི་རྣམ་པ་ཡག་མོ། འཚོ་གནས་དང་ལས་གཉེར་འཚམ་པ། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་ཡུལ་སྐོར་གྱི་ཞབས་འདེགས་ནུས་ལྡན་གྱི་མཛེས་ལྗོངས་གྲོང་སྡེ་ཁག་གཅིག་བསྐྲུན་དང་སྐྲུན་བཞིན་ཡོད།

   དར་མདོ་གྲོང་ཁྱེར་གྱིས་ཡུལ་སྡེའི་ཁྱད་ཆོས་སྔོག་འདོན་བྱས་ཏེ་ཁྱད་ཆོས་ལྡན་པའི་གྲོང་སྡེ་ཚན་པ་གཅིག་བསྐྲུན་དང་སྐྲུན་བཞིན་ཡོད།

   དར་མདོ་གྲོང་ཁྱེར་གྱིས་ཞིང་སྡེ་གསར་པའི་འཛུགས་སྐྲུན་དང་བདེ་སྐྱིད་མཛེས་སྡུག་ལྡན་པའི་གྲོང་ཚོ་གསར་པ་བསྐྲུན་རྒྱུར་ཟུང་འབྲེལ་བྱས་ནས་ཤུགས་ཆེན་པོས་བདེ་ཐང་ལུས་གསོ་ཐོན་ལས་དང་སྤྲོ་གསེང་ཐོན་ལས། ཡུལ་མིའི་ཡུལ་སྐོར་སྣེ་ལེན་ཁང་འཕེལ་རྒྱས་བཏང་ནས་མི་ཉག་གི་ཁྱད་ཆོས་དང་རྒྱལ་རོང་ཡུལ་གྱི་ཁྱད་ཆོས། མགོ་ཐང་གི་ཁྱད་ཆོས་སོགས་སྔོག་འདོན་ཟབ་མོ་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེ་ཁག་གཅིག་བཟོ་སྐྲུན་བྱས་ཏེ། གྲོང་ཡུལ་གྱི་རྣམ་པ་སོར་གནས་ཐུབ་པའི་འགོ་ཐང་དཔོན་པོའི་གནའ་གྲོང་གནས་ཤུལ་གྱི་རྣམ་པ་ཉམས་གསོ་བྱས་ནས་གནའ་གྲོང་གི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་དཔེ་སྟོན་གཉེར་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དམངས་སྲོལ་རིག་གནས་གྲོང་སྡེ་དང་ཡུལ་སྐོར་སྤྲོ་གསེང་གྲོང་སྡེ། མི་རིགས་ཡུལ་སྲོལ་གྲོང་སྡེ། ཁྱད་ཆོས་ལྡན་པའི་ཐོན་ལས་བཅས་ཀྱི་གྲོང་སྡེ་ཚན་པ་གཅིག་བསྐྲུན་ཞིང་སྤུས་ཚད་མཐོར་འདེགས་བཏང་བ་རེད། 2020ལོར་སླེབས་དུས་དཔེ་སྟོན་ལས་གཞི་དེ་གཞི་རྩའི་ཐོག་ལེགས་གྲུབ་ཐུབ་ནས་དར་མདོར་ཡུལ་སྐོར་བ་མི་ཁྲི་ཙམ་སྣེ་ལེན་ཐུབ་པ་བྱ་རྒྱུ། དཔེ་སྟོན་གྱིས་ཁྲིད་སྟོན་ནུས་པ་ཇེ་དྲག་ཏུ་བཏང་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་གྲོང་གསེབ་དར་སྤེལ་གཏོང་བའི་དཔེ་སྟོན་གྲོང་ཁྱེར་དང་སི་ཁྲོན་ཞིང་ཆེན་གྲོང་གསེབ་དར་སྤེལ་གཏོང་བའི་ཕུལ་བྱུང་དཔེ་སྟོན་གྲོང་ཁྱེར་དང་རྒྱལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་་གཏོང་བའི་ཕུལ་བྱུང་གི་གྲོང་ཁྱེར་ཞིག་བསྐྲུན་ཐུབ་པ་བྱ་རྒྱུ་རེད།

   རོང་བྲག་རྫོང་གིས་གྱ་གྱུ་བོད་གྲོང་གཙོས་བྱས་པའི་གཙོ་གནད་མཛེས་ལྗོངས་ཁུལ་ཁག་གཅིག་བསྐྲུན་དང་སྐྲུན་བཞིན་ཡོད།    

   རོང་བྲག་རྫོང་གིས་རྒྱབ་རྟེན་ལྟེ་གནས་གཅིག་དང་སྤུས་ལེགས་ཡུལ་སྐོར་གྱི་ལམ་བཞི། གཙོ་གནད་ལྗོངས་ཁུལ་དྲུག་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་འཕེལ་རྒྱས་མ་ལག་ལྟར་གྱ་གྱུ་བོད་གྲོང་དེ་རྒྱལ་ཁབ་ཀྱི5Aརིམ་པའི་མཛེས་ཁུལ་བསྐྲུན་ཞིང་། གྱ་གྱུ་དང་སྤྲོ་སྣང་མཉམ་འབྲེལ་བྱས་ནས་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་གཏང་ཡུལ་ཞིག་བསྐྲུན་པ་དང་གྱ་གྱུ་བོད་གྲོང་གཙོས་བྱས་པའི་རོང་བྲག་གི་གཙོ་གནད་མཛེས་ལྗོངས་ཁུལ་ཁག་གཅིག་བོད་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ལས་གཞི་རུ་བསྐྲུན་པ་རེད། གཞན་ཡང་མཛེས་ལྗོངས་ཁུལ་ལ་བརྟེན་ནས་མཐའ་འཁོར་གྲོང་ཡུལ་གྱི་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུར་ཁྱབ་འགྱེད་དང་སྐུལ་ཁྲིད་ཐུབ་པ་བྱས་ནས་ཁྱད་ཆོད་ལྡན་པའི་གྲོང་རྡལ་དང་སྤུས་ལེགས་གྲོང་ཚོ། ཁྱད་ཆོས་ལྡན་པའི་ཡུལ་སྐོར་སྣེ་ལེན་ཁང་ཚན་པ་གཅིག་བསྐྲུན་ནས་འཚོ་གནས་དང་ལས་གཉེར། ཡུལ་སྐོར་བཅས་འཚམ་པའི་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་རྫོང་ཁོངས་ཤིག་འཛུགས་སྐྱོང་བྱས་ནས2020ལོར་སླེབས་དུས་ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་གཅིག་དང་སྤུས་ལེགས་གྲོང་ཚོ་གཅིག་བསྐྲུན་གང་ཐུབ་བྱ་རྒྱུ་དང་། ཞིང་ཆེན་རིམ་པའི་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་གྲོང་ཚོ་བཞི། ཁུལ་རིམ་པའི་ཡུལ་སྐོར་ཁྱད་ཆོས་ལྡན་པའི་གྲོང་རྡལ་གསུམ་དང་སྤུས་ལེགས་གྲོང་ཚོ་དྲུག་གསོ་སྐྱོང་བྱེད་གང་ཐུབ་བྱ་རྒྱུ་རེད།

    ལྕགས་ཟམ་རྫོང་གིས་ཡུལ་སྐོར་ཐོན་ཁུངས་ཀྱི་བཟང་ཆ་འདོན་སྤེལ་བྱས་ནས་སྐྱེ་ཁམས་ལ་བརྟེན་ནས་མི་སེར་ཕྱུག་འགྱུར་གྱི་ཐབས་ལམ་བཙལ་དང་འཚོལ་བཞིན་ཡོད།

    ལྕགས་ཟམ་རྫོང་གིས་རང་ཡུལ་གྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཁྲོད་ཐོན་ཁུངས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ནས་སྐྱེ་ཁམས་བཟང་ཆ་དེས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བཟང་ཆ་རུ་བསྒྱུར་ཏེ་ཁོར་ཡུག་ཡག་པོས་གྲོང་ཚོ་མཛེས་པོ་བཟོས་པ་དང་སྐྱེ་ཁམས་ལ་བརྟེན་ནས་མི་སེར་ཕྱུག་འགྱུར་ཡོང་བར་བྱས། 2011ལོར་ལྕགས་ཟམ་ཁར་སྐབས་དང་པོའི་སེའུ་དམར་དུས་ཆེན་གཉེར་བ་ནས་བཟུང་ཀྲུང་གོའི་སེའུ་དམར་གྱི་ཆོལ་ཁ་ཞེས་མཚན་སྙན་གང་སར་ཁྱབ་པ་དང་བསྟུན་ནས་ཡུལ་མི་མང་པོས་གཅིག་རྗེས་གཉིས་མཐུད་དུ་ཞིང་པའི་སྤྲོ་ཁང་གཉེར་བ་རེད། གསེར་བྱ་ཐང་གྲོང་སྡེ་རྐྱང་པར་ཡུལ་མི་སྤྲོ་ཁང8ཡོད་པ་དང་གྲོང་ཚོ་ཡོངས་སུ་སེའུ་དམར་དང་སྣེ་ལེན་ཁང་གི་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི10ཡན་ཆད་ཡོད་པའི་དུད་ཚང20ཙམ་ཡོད། མིག་སྔར་མཚོ་གཉིས་ཤང་དུ་སེའུ་དམར་ཞིང་སྡེའི་སྤྲོ་ཁང30ལྷག་ཙམ་ཡོད་པས་ཡུལ་མིའི་ཡོང་འབབ་དེ་བས་མང་པོ་བསྣན་པར་མ་ཟད། ད་དུང་མང་ཚོགས་ཀྱི་འཚོ་བའི་བདེ་སྐྱིད་འབྱུང་ཚད་ཀྱང་མཐོར་འདེགས་ཆེས་ཆེ་རུ་བཏང་དང་གཏོང་བ་རེད།། 


  • ལེ་ཚན་སྔོན་མ།:སྔ་འགྱུར་རྙིང་མའི་གདན་ས། མདོ་ཁམས་གནས་མཆོག་དཔལ་ཡུལ།
  • ལེ་ཚན་རྗེས་མ།:འོ་མ་རིན་པ་སྒོར་ཁྲི46འབྲོག་པའི་མང་ཚོགས་ཀྱི་ལག་ཏུ་འབྱོར་ནས་སྤྲོ་བ་རབ་ཏུ་འཕེལ།
  • དོ་སྣང་ཆེ་བའི་རྩོམ།