མེ་འཁོར་འབབ་ཚིགས་སུ།

གཡུ་ལུང་གཡུང་དྲུང་འབུམ།        2018-12-19

གནམ་ངོ་ཇེ་རུབ་ནས་ཇེ་རུབ།

ཆར་ཤ་ཞིག་ཡོང་རྒྱུ་ཡིན་པ་འདྲ་ལ།

མུན་པ་ཇེ་འཐིབས་ནས་ཇེ་འཐིབས།

གློག་འོད་མག་མོག་དེ་དག་ཀྱང་ཁྲ་ལམ་མེར།

མེ་འཁོར་དུ་མི་འབུད་པའི་ང་རང་།

རླུང་བུས་འཁུར་གྱིན་པའི་ཆུ་ཤོག་དེ་དག་དང་འདྲ་བར།

རྒས་རྒྱུ་མེད་པའི་ཐང་ཆེན་འདི་ནས།

ཟང་ཟིང་དང་ཁེར་རྐྱང་གི་གདོང་ག་གཞུ་བར་

ཧད་དེ་ཡུད་ཙམ་ལ་ལུས།

གློ་རྡེག་གློ་རྡེག་ཏུ་གྲག་འོང་བའི་མེ་འཁོར་

གྱི་དུང་སྒྲ་རེ་རེས།

ང་ལ་ཅི་ཞིག་གི་ཅོང་བརྡ་རྒྱག་པ་ཇི་བཞིན་

ལྷབ་སེར་བཏང་འགྲོ་ལ།

གཉིད་མ་སད་སྐབས་དེ་དག་ཏུ།

ངས་ད་གཟོད་མྱི་ཞིག་ལ་སྒུག་གིན་པ་ཚོར།


  • ལེ་ཚན་སྔོན་མ།:ནང་མ་ཁང་ལྟ་བུའི་འཇིག་རྟེན།
  • ལེ་ཚན་རྗེས་མ།:ཕ་ཡུལ་དྲན་པ།