ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཁྲེན་ཏུའུ་རུ་འཚོགས།

    གངས་ལྗོངས་ཉི་གཞོན་དྲ་བ།    2018-12-13

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཁྲེན་ཏུའུ་རུ་འཚོགས།

        2018ལོའི་ཟླ་བ་བཅུ་གཉིས་པའི་ཚེས10ཉིན། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཁྲེང་ཏུའུ་རུ་འཚོགས། 

        ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་ཨུ་ཡོན83དང་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན17ཞུགས་པ་དང་། ཞིང་ཆེན་སྒྲིག་ཨུའི་རྒྱུན་ཨུ་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་རྣམས་ཟུར་ཞུགས་བྱས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་འགའ་ཡང་ཟུར་ཞུགས་བྱས་པ་རེད། 

        ཚང་འཛོམས་གྲོས་ཚོགས་ལ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕིང་ཆིང་ཧྭ་ཡིས་གསུང་བཤད་གནང་། 

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཁྲེན་ཏུའུ་རུ་འཚོགས།

        ཚང་འཛོམས་གྲོས་ཚོགས་ཐོག་ཕིན་ཆིན་ཧྭ་ཡིས་སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་མཛད་ནས་ཕུལ་བའི་ལས་ཀའི་སྙན་ཞུ་ལ་གསན་ཞིང་གྲོས་བསྡུར་གནང་པ་མ་ཟད། 《ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི2019ལོའི་ལས་ཀའི་གཙོ་གནད》ལ་གྲོས་བསྡུར་བྱས། ཕིན་ཆིང་ཧྭ་ཡིས2019ལོའི་སི་ཁྲོན་ཞིང་ཆེན་ཏང་ཨུའི་ལས་ཀའི་གཙོ་གནད་ཀྱི་བཀོད་སྒྲིག་ཐད་ནས་གསུང་བཤད་གལ་ཆེན་གནང་།
        ཚང་འཛོམས་གྲོས་ཚོགས་ཐོག་ད་ལོ་ནས་བཟུང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀར་གདེང་འཇོག་གང་ལེགས་གནང་། ཚང་མས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་ཀར་མཛུབ་སྟོན་གལ་ཆེན་གནང་བའི་སྙིང་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ལས་ཀ་ཡོད་ཚད་ཀྱི་འགོ་ཁྲིད་ཤུགས་སྣོན་བྱེད་པ་དང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་རྣམས་མཐུན་སྒྲིལ་ངང་སྣེ་ཁྲིད་ནས་དཀའ་སེལ་འགག་སྒྲོལ་དང་འབད་འབུངས་ཡར་བརྩོན་བྱས་ནས་སློབ་སྦྱོང་ཆེན་མོ་དང་གྲོས་བསྡུར་ཆེན་མོ། རྟོག་ཞིབ་ཆེན་མོའི་བྱེད་སྒོ་སྤེལ་བ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་པ། “རྩ་གཅིག་ཡན་མང་དང་། ཁུལ་ལྔ་མཐུན་སྦྱོར།”“ ཕྱོགས་བཞིར་རྒྱ་བསྐྱེད། ཁོངས་ཡོངས་སྒོ་འབྱེད”བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། བློ་ཐག་རྦད་ཆོད་ཀྱིས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་སྣེ་ཁྲིད་བཅས་བྱས་ནས། ལག་ལེན་དངོས་ཀྱི་ཐོག་ནས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་འཁོར་བར་དྲན་རྟེན་ཞུ་བའི་དོན་ཆེན་ལྔ་བསྒྲུབ་པ་དང་། འཕར་སྣོན་བརྟན་པོ་དང་བཅོས་སྒྱུར་ལ་སྐུལ་འདེད། སྒྲིག་གཞི་ལེགས་སྒྲིག དམངས་འཚོ་ལ་ཕན་པ། ཉེན་ཁ་སྔོན་འགོག་དང་ཏང་གི་འཛུགས་སྐྲུན་ལས་ཀ་སོ་སོར་གཅིག་གྱུར་འཆར་འགོད་བྱས་ནས། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་འཕར་སྣོན་སྲ་བརྟན་གཏོང་བ་དང་། “ལྔ་ཐོག་གཅིག་སྣོན”གྱི་དེང་རབས་ཐོན་ལས་མ་ལག་སྒྲིག་འཛུགས་མགྱོགས་པོར་བྱེད་པ། དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། འགག་སྒྲོལ་གྱི་དོན་ཆེན་གསུམ་ཡག་པོར་བསྒྲུབ་པ། གྲོང་གསེབ་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད། རྒྱུན་ཆད་མེད་པར་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ལ་ཤུགས་སྣོན་བྱེད་པ། དྲིལ་བསྒྲགས་དང་བསམ་བློ། རིག་གནས་བཅས་ཀྱི་ལས་ཀ་ཡག་པོར་བསྒྲུབ་པ། དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་ཇེ་དྲག་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ཟབ་སྤེལ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ལས་ཀ་སོ་སོར་གྲུབ་འབྲས་གསར་པ་ལོན་པར་བརྩོན་དགོས་ཞེས་བསྟན། 
        ཚང་འཛོམས་གྲོས་ཚོགས་ཐོག 2019ལོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་ལས་རྣམ་པར་རྒྱལ་བའི་ལོ་ཞིག་ཡིན། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཕྱོགས་ཡོངས་བཀོད་སྒྲིག་ལག་ལེན་བྱེད་པའི་ལོ་ཡང་ཡིན། སང་ལོའི་ལས་ཀ་ལེགས་པོར་བསྒྲུབ་པར་འཆར་འགོད་བྱ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡིས་མཛུབ་སྟོན་བྱེད་པར་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ། རང་རྟོག་སྒོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། ཀྲུང་དབྱང་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་ལེན་དོན་འཁྱོལ་བྱེད་པ། “གནས་ལྔ་ཕུང་གཅིག”གི་སྤྱིའི་བཀོད་པར་གཅིག་གྱུར་འཆར་འགོད་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བྱེད་པ། འཆར་འགོད་མཐའ་གཅིག་ཏུ་ལེགས་འགྲུབ་དང་། ལྷོད་གཡེང་གཏན་ནས་མི་གཏོང་བ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག་ལག་ལེན་དུ་བསྟར་དགོས། སྤྱི་ཡོངས་ལ་དམིགས་པ་དང་། འཕེལ་ཕྱོགས་ཁོང་དུ་ཆུད་པ། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་ལ་ཤུགས་སྣོན་བྱས་ཏེ། གནས་བབ་གསར་པར་འཚམ་པར་བྱེད་པ་དང་། གོ་སྐབས་གསར་པ་དམ་འཛིན་བྱེད་པ། སྒུལ་ནུས་གསར་པར་གསོ་སྐྱོང་དང་། ལེགས་ཆ་གསར་པ་འདོན་སྤེལ་བྱ་དགོས། དོན་དངོས་ལ་གཞིགས་ནས་མི་འདང་ས་ཁ་གསབ་དང་། གནད་དོན་འབུར་ཐོན། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱབ་རྟེན་བྱེད་ཤུགས་ཇེ་ཆེར་གཏོང་བ། ས་ཁོངས་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་ཆེ་བའི་དོན་ཆེན་ཁ་ཤས་ལེགས་པོར་བསྒྲུབས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་གཏོང་བ་དང་། སི་ཁྲོན་སྐྱོང་བ་དང་དར་རྒྱས་གཏོང་བར་གྲུབ་འབྲས་གསར་པར་ལེན་པར་སྐུལ་འདེད་གཏང་དགོས་ཞེས་ནན་གྱིས་བསྟན།
        ཚང་འཛོམས་གྲོས་ཚོགས་ཐོག འགག་སྒྲོལ་གྱི་དོན་ཆེན་གསུམ་བསྒྲུབ་དགོས་ཏེ། “རྩ་གཅིག་ཡན་མང་དང་། ཁུལ་ལྔ་མཐུན་སྦྱོར།”དང་“ ཕྱོགས་བཞིར་རྒྱ་བསྐྱེད་དང་། ཁོངས་ཡོངས་སྒོ་འབྱེད”ཀྱི་ཐབས་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏང་དགོས། རི་ལ་ཐུག་དུས་ལམ་འབྱེད་ཅིང་ཆུ་ལ་ཐུག་དུས་ཟམ་འཛུགས་པའི་གསར་གཏོད་སྙིང་སྟོབས་ཀྱིས་ལག་ལེན་དངོས་ཀྱི་ཐོག་ནས་མཐའ་གཅིག་ཏུ་བཅོས་སྒྱུར་བྱ་དགོས། གྲོང་གསེབ་དར་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྱོང་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་དགོས། མི་དམངས་གཙོ་བོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཐོབ་པའི་སྣང་བ་དང་བདེ་སྐྱིད་ཀྱི་སྣང་བ། བདེ་འཇགས་ཀྱི་སྣང་བ་མཐོར་འདེགས་སུ་གཏང་དགོས། ཕྱོགས་ཡོངས་ནས་ཏང་གི་འགོ་ཁྲིད་ཇེ་དྲག་བཏང་ནས། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་ཟབ་སྤེལ་གཏང་དགོས་ཞེས་བླང་བྱ་བཏོན།
        ཚང་འཛོམས་གྲོས་ཚོགས་ཐོག་ད་དུང་ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོའི་ལས་ཀར་བཀོད་སྒྲིག་བྱས་ཤིང་བླང་བྱ་བཏོན། །


  • ལེ་ཚན་སྔོན་མ།:དཀར་མཛེས་ལི་ཐང་རྫོང་གི་སྐྱེ་ལྡན་ཤིང་འབྲས་དང་སྔོ་ཚལ་ཕྱིར་གཏོང་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:སྔ་འགྱུར་རྙིང་མའི་གདན་ས། མདོ་ཁམས་གནས་མཆོག་དཔལ་ཡུལ།
  • དོ་སྣང་ཆེ་བའི་རྩོམ།