ལི་ཐང་འབུམ་གཡག་རྩྭ་ཐང་དུ་གནག་ཕྱུགས་ཁྲི་གཉིས་ཉེ་བར་གློག་རྡུལ་ཉིང་ལྷེབ་བརྒྱབ་སྟེ་ཉེན་འགོག་འགན་ལེན་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2018-12-12

ལི་ཐང་འབུམ་གཡག་རྩྭ་ཐང་དུ་གནག་ཕྱུགས་ཁྲི་གཉིས་ཉེ་བར་གློག་རྡུལ་ཉིང་ལྷེབ་བརྒྱབ་སྟེ་ཉེན་འགོག་འགན་ལེན་བྱས།

    རྩྭ་ཐང་ཐོག་བོད་རིགས་ཕོ་གསར་ཞིག་གིས་གཡག་གི་རྭ་ཅོ་བཟུང་དེ་ལག་རྩལ་མི་སྣ་དེ་མ་ཐག་ཏུ་རྣ་ཅོ་ལ་གློག་རྡུལ་ཉིང་ལྷེབ་བརྒྱབ་པ་དང་ཨང་ཐིག་བཤར་འབེབས་ཡོ་བྱད་ཀྱི་བཤེར་ཙམ་བྱས་དུས་གཡག་དེའི་གནས་ཚུལ་མིག་ལམ་དུ་གསལ་པོར་ཤར་བ་རེད། ཉེ་ཆར་ལི་ཐང་རྫོང་དཔོན་སྐོར་ཤང་སྐལ་གྲ་གྲོང་སྡེར་གནག་ཕྱུགས་ཉེན་འགོག་འགན་ལེན་གནས་ཚུལ་རྗེས་སྙེགས་གློག་རྡུལ་ཉིང་ལྷེབ་བརྒྱབ་པའི་ལས་ཀ་གོ་རིམ་ཡོད་པའི་ངང་སྤེལ་བཞིན་ཡོད། ལི་ཐང་རྫོང་གིས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་བླང་བྱ་དོན་འཁྱོལ་བྱས་ནས་ཕྱུགས་འབྲོག་ལས་ཀྱི་འགན་ལེན་བྱེད་ཐབས་ཇེ་དྲག་གཏོང་ཞིང་། གནག་ཕྱུགས་ཉེན་འགོག་འགན་ལེན་བྱས་ནས་འབྲོག་མི་རྣམས་ལ་ཕྱུག་འགྱུར་གཏོང་བར་ཉེན་འགོག་འགན་ལེན་བྱས་པ་རེད།

    ཕྱུགས་འབྲོག་ལས་ནི་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་གཙོ་སྐྱོང་ཐོན་ལས་ཡིན་པས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་གནང་དང་གནང་བཞིན་ཡོད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་སྤྱི་ཚོགས་འགན་ལེན་ལ་ཤུགས་སྣོན་པ་དང་གསོ་སྤེལ་གྱི་ཉེན་ཁ་ཇེ་དམའ་རུ་གཏོང་བ། གནག་ཕྱུགས་ཀྱི་གསོ་ཚགས་ལས་རིགས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན་ཡོད། ལི་ཐང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་འབྲོག་ཁུལ་ཤང་དང་གྲོང་རྡལ་གྱི་འགན་ཁུར་མི་སྣ་དང་གསོ་ཚགས་དུད་ཚང་གི་འཐུས་མི་སྒྲིག་འཛུགས་བྱས་ཏེ་གནག་ཕྱུགས་ཉེན་འགོག་འགན་ལེན་བྱས་ནས་ལོ་གཉིས་ལ་ཟིན་པའི་རྔ་བ་ཁུལ་གྱི་དམར་ཐང་རྫོང་དུ་རྟོག་ཞིབ་བྱས་རྗེས་ཀྲུང་གོ་མཁའ་འགྲུལ་བདེ་འཇགས་མནའ་འབྲེལ་རྒྱུ་ནོར་ཉེན་འགོག་འགན་ལེན་ཚད་ཡོད་སྤྱི་གཉེར་ཁང་གི་སི་ཁྲོན་ཞིང་ཆེན་ཡན་ལག་སྤྱི་གཉེར་ཁང་རྫོང་དེའི་མཆོད་རྟེན་ཤང་དང་དཔོན་སྐོར་ཤང་། ཚེ་མགོན་ཤང་དུ་གནག་ཕྱུགས་ཉེན་འགོག་འགན་ལེན་ཚོད་ལྟ་བྱ་རྒྱུ་ཐག་བཅད་དེ་གནག་ཕྱུགས་ཉེན་འགོག་འགན་ལེན་གྱི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་རང་བཞིན་གྱི་འགན་ལེན་དེ་དོན་འཁྱོལ་བྱས་པ་རེད།

    ཉེན་འགོག་འགན་ལེན་དེས་ད་ལོའི་སྤྱི་ཟླ10པར་གཉེར་འགོ་བཙུགས་ཏེ་ལི་ཐང་རྫོང་གི་དཔོན་སྐོར་ཤང་དང་ཚེ་མགོན་ཤང་། མཆོད་རྟེན་ཤང་བཅས་ལ་ཚོད་ལྟ་བྱས་པ་དང་ད་བར་གནག་ཕྱུགས་ཧ་ལམ་ཁྲི་གཉིས་ཙམ་ཉེན་འགོག་འགན་ལེན་བྱས་ཡོད། ཚོད་ལྟ་ལས་འབྲས་ཐོབ་ན་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ24ལ་ཁྱབ་གདལ་བཏང་ནས་རྫོང་ཡོངས་ཀྱི་གནག་ཕྱུགས་ཁྲི30ལྷག་ཙམ་ཉེན་འགོག་འགན་ལེན་བྱ་རྒྱུ་ཡིན་པ་རེད།། 


  • ལེ་ཚན་སྔོན་མ།:གསེར་རྟ་རྫོང་གིས་ནགས་ཚལ་མེ་འགོག་སྦྱོང་བརྡར་བྱས།
  • ལེ་ཚན་རྗེས་མ།:དེང་རབས་ཀྱི་འཕེལ་ཁ་དར་བའི་གསར་བརྗེའི་གྲོང་ཁྱེར་ལྕགས་ཟམ་ཁ།
  • དོ་སྣང་ཆེ་བའི་རྩོམ།