ཆེད་དོན་དུ་གྲོང་ཡུལ་རིམ་སྤར་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་ཀར་ཞིབ་འཇུག་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2018-12-12

    སྤྱི་ཟླ12པའི་ཚེས6ཉིན་གྱི་སྔ་དྲོར་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་དར་མདོར་གཙོ་འགན་བཞེས་ནས་ཆེད་དོན་གྲོས་ཚོགས་འཚོགས་ཏེ2018ལོར་ཁུལ་ཡོངས་ཀྱི་གྲོང་ཡུལ་རིམ་སྤར་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པར་གསན་འཇོག་གནང་ཞིང་། སང་ལོའི་ལས་ཀར་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།

    ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་དང་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲའོ་པོ། ཁུལ་ཨུའི་རྒྱུན་ཨུ། ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་སྐལ་བཟང་སོགས་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།

    ལིའུ་ཁྲེང་མིང་གིས་འབྲེལ་ཡོད་སྡེ་ཁག་གི་ལས་དོན་སྙན་སེང་དང་ལས་ཀའི་གྲོས་གཞི་ལ་གསན་འཇོག་གནང་རྗེས་ད་ལོར་རང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་དང་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱ་རྒྱུའི་ལྟེ་གནས་དེར་དམིགས་ནས་ཁྱོན་ཡོངས་ནས་གྲོང་ཡུལ་རིམ་སྤར་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་བབ་རྒྱུད་ཀྱི་གྲོང་གསེབ་དར་སྤེལ་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱས་པ་སོགས་ཀྱི་ལས་ཀར་སྤེལ་ཏེ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ལེགས་བཅོས་ཤུགས་ཆེན་པོ་ཐོབ་ཡོད་མོད། འོན་ཀྱང་ད་དུང་ལས་ཀ་ཆ་ཤས་སྔོན་བཀོད་བླང་བྱའི་དུས་ཚོད་ནང་དམིགས་འབེན་ལས་སྒྲུབ་ཐུབ་མེད་པས། དེར་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། ཅི་མགྱོགས་གང་ཐུབ་ཀྱིས་མི་འདང་སར་ཁ་གསབ་་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གི2018ལོའི་གྲོས་ཚོགས་ཐེངས11པ་འཚོགས།
  • ལེ་ཚན་རྗེས་མ།:གསེར་རྟ་རྫོང་གིས་ནགས་ཚལ་མེ་འགོག་སྦྱོང་བརྡར་བྱས།
  • དོ་སྣང་ཆེ་བའི་རྩོམ།