ནོར་འཁྲུལ། ནོར་འཁྲུལ།

བཙན་མི།        2018-12-12

ངོ་གདོང་ལ་ཕོག་ཐུབ་པའི་རླུང་བུ་དེ།

བལྟས་བལྟས་ལ་ཞགས་པ་ཞིག་ཏུ་ལོག་གིན་འདུག

གལ་ཏེ། ངེས་མེད་ཀྱི་ཚ་འཐེན་ཞིག་བྱས་ན།

ང་རང་གཏིང་མེད་པའི་དོང་འོབས་སུ་འཕངས་མི་འཇོག་གམ།


སྐྱེ་བ་འདིར།

ངས་སྡུག་བསྔལ་དེ་རྡོ་བ་བཞིན་ཁུར་ནས།

དགུན་ནང་གི་གཙང་བོ་མང་པོ་ཞིག་རྐང་བརྒལ་བྱས་ཡོད།


ལམ་གྱི་ཚ་བ། ལམ་གྱི་གྲང་བ།

ངོ་ཤེས་པའི་ཚེར་མའི་ཤན་པ་དེ་དག་གིས།

ང་ནི་ཚོད་ཚོད་ལ་གཡང་གཟར་དུ་དཔྱངས་རུང་།

ངས་ཡོད་ཚད་བསྟས་དབང་གི་ནོར་འཁྲུལ་ཞིག་ལ་འཛིན་མྱོང་།


ཡིན་ནའང་།

ངའི་འཇིག་རྟེན་ཤོག་སྒམ་སྟོང་བ་ཞིག་ཡིན་པས།

ལག་པས་ཟིན་པའི་ཉི་ཟླའི་རྨུ་ཐག་དེ།

ཁ་མི་ཚང་བའི་རྨི་ལམ་སྦར་མོ་གང་ཡིན་པ་ཤེས་མ་སོང་།


དེའི་རྗེས་སུ།

བཀག་རྟགས་བཞག་པའི་གཞུང་ལམ་དེ་ནས།

ང་ལ་མི་ཚང་མས་མངོན་བརྗོད་ཀྱི་གསང་གྲངས་ཤིག་རྒྱག་ཟིན་འདུག


  • ལེ་ཚན་སྔོན་མ།:རྒྱུགས་རྟོག་པའི་དོགས་སློང་།
  • ལེ་ཚན་རྗེས་མ།:སེམས་པའི་བཞུར་རྒྱུན།༼ཞར་བཀོད་གཅིག༽