རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་དྲུག་པ་པེ་ཅིན་ནས་ཚོགས།

        2018-12-11

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་དྲུག་པ་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། རྨང་གཞིའི་ཞིབ་འཇུག་ནི་ཚན་རིག་གི་གཞི་རྩ་དང་ལག་རྩལ་གྱི་འབྱུང་རྩ་ཡིན་པ་དང་། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པར་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཆོས་ཉིད་ལ་བརྩི་འཇོག་བྱེད་དགོས་ལ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་ཡུན་རིང་ལ་བྱས་རྗེས་འཇོག་དགོས་པར་མ་ཟད་མུ་མཐུད་དུ་ཐོག་མའི་གསར་སྐྲུན་ནུས་པ་ཇེ་ཆེར་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།

ཚོགས་ཐོག་ཏུ་ཨུ་ཡོན་བཅུ་གསུམ་གྱིས་རྨང་གཞིའི་ཞིབ་འཇུག་གི་ལས་གཞི་གལ་ཆེན་དང་འགྲོ་གྲོན་དངུལ་གཏོང་། མི་སྣ་སྐྱེད་སྲིང་། དཔྱད་འཇོག་རྐྱེན་སྲོལ། སྤྱི་ཚོགས་ཀྱི་རྒྱབ་སྐྱོར་སོགས་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས་པ་དང་། ཨུ་ཡོན་སུམ་ཅུ་ལྷག་གིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྒུལ་སྤོར་འགན་འཁྲི་ལག་བསྟར་དྲ་ངོས་སུ་བསམ་འཆར་བཏོན།  །


  • ལེ་ཚན་སྔོན་མ།:ཝང་དབྱང་གིས་ཁྲིད་པའི་ཀྲུང་དབྱང་འཐུས་ཚབ་ཚོགས་པ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལ་དྲན་རྟེན་གནང་བའི་མཛད་སྒོར་ཞུགས།
  • ལེ་ཚན་རྗེས་མ།:སི་ཁྲོན་དུ་རྣམ་གྲངས་གལ་ཆེན་ཁག་གཅིག་གཅིག་སྡུད་ལས་འགོ་ཚུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་6900ཙམ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།