རང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གི2018ལོའི་གྲོས་ཚོགས་ཐེངས11པ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2018-12-10

 རང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གི2018ལོའི་གྲོས་ཚོགས་ཐེངས11པ་འཚོགས།

   2018ལོའི་སྤྱི་ཟླ12པའི་ཚེས4ཉིན་གྱི་སྔ་དྲོར་རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གིས་དར་མདོར2018ལོའི་གྲོས་ཚོགས་ཐེངས11པ་འཚོགས་ཏེ2018ལོའི་གྲོང་སྡེ་དབུལ་ཕོངས་ཞིབ་བཤེར་རྩིས་ལེན་ཕྱིར་འཐེན་ལས་ཀར་ཕྱོགས་བསྡོམས་བྱས་ཤིང་། དབུལ་ཐར་འགག་སྒྲོལ་ལོ་འཁོར་གྱི་མཇུག་བསྡུའི་ལས་ཀ་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།

    གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་ད་ལོའི་ཟླ་བ་དང་པོ་ནས་ཟླ་བ11པའི་བར་གྱི་དབུལ་ཐར་འགག་སྒྲོལ་ལས་ཀར་སྐུལ་འདེད་བཏང་ཚུལ་བརྒྱུད་བསྒྲགས་བྱས་པ་དང2018ལོའི་དབུལ་ཕོངས་གྲོང་སྡེ་ཚང་མ་ཁུལ་རིམ་པའི་ཞིབ་བཤེར་རྩིས་ལེན་ནང་ཕྱིར་འཐེན་བྱས་ཚུལ་སྙན་སེང་ཞུ་བ། 《ཉག་ཆུ་སྟོད་རྒྱུད་ཀྱི་རྫོང་བཞིའི་མཐའ་འབྲེལ་ས་མཚམས་ཀྱི་དབུལ་ཕོངས་ཤང་དང་གྲོང་རྡལ24འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ལག་བསྟར་ཐབས་ཇུས》གྲོས་ཞིབ་བྱས་པས་མ་ཚད། 《ཞིང་ཆེན་ཡོངས་ཀྱི2018ལོའི་དབུལ་ཐར་འགག་སྒྲོལ་ལས་ཀའི་ཕན་འབྲས་དཔྱད་ཞིབ་ཀྱི་སྐུལ་སློང་དང་གསོ་སྦྱོང་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གྲོས་ཚོགས་གཙོ་འགན་བཞེས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་གྲོས་ཚོགས་ནང་ཞུགས་ཡོད། བྱམས་བློ་སོགས་ཁུལ་གྱི་འགོ་ཁྲིད་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། གཅིག་ནི་ཆབ་སྲིད་འགན་འཁྲི་ལ་གནས་ཏེ་བསམ་བློ་ངོས་འཛིན་མཐོར་འདེགས་གཏང་དགོས། གཉིས་ནི་དབུལ་ཐར་སྤུས་ཚད་ལ་གནས་ཏེ་གནད་དོན་དག་བཅོས་ཀྱི་འགག་སྒྲོལ་ལས་ཀ་ཡག་མོ་བསྒྲུབ་དགོས། གསུམ་ནི་ལོ་འཁོར་གྱི་དམིགས་འབེན་ལ་གནས་ཏེ་དབུལ་ཐར་འགག་སྒྲོལ་ལས་འགན་མཐའ་བསྡུ་ལས་ཀ་ཡག་མོ་བསྒྲུབ་དགོས། བཞི་ནི་དབུལ་སྐྱོར་ལས་གཞིར་གནས་ཏེ་མ་དངུལ་སྤྱོད་པའི་ལྟ་སྐུལ་དོ་དམ་ལས་ཀ་ཡག་མོ་བསྒྲུབ་དགོས། ལྔ་ནི་ད་ལོའི་ལོ་མཇུག་དང་སང་ལོའི་ལོ་འགོར་གནས་ཏེ་ལས་ཀ་བཀོད་སྒྲིག་ཡག་མོ་བྱ་དགོས། དྲུག་ནི་དྲང་ཕྱོགས་སྐུལ་ལྕག་བྱེད་པར་གནས་ཏེ་དབུལ་སྐྱོར་ལས་བྱེད་པར་གཅེས་སེམས་འབུལ་དགོས། བདུན་ནི་སང་ལོའི་ལས་འགན་ལ་གནས་ཏེ་ལས་ཀ་ཇུས་འགོད་ཡང་དག་པ་བྱ་དགོས། བརྒྱད་ནི་ནང་གནས་སྒུལ་ཤུགས་གནས་ཏེ་དྲིལ་བསྒྲགས་དང་ཁྲིད་སྟོན་ཡང་དག་པ་བྱ་དགོས། དགུ་ནི་སྤྱོད་ཚུལ་འཛུགས་སྐྲུན་ལ་གནས་ཏེ་སྒྲིག་བསྟར་འགན་དེད་ལས་ཀ་ཡག་མོ་བསྒྲུབ་དགོས།

    ཚོགས་ཐོག་དར་མདོ་གྲོང་ཁྱེར་དང་རོང་བྲག་དང་ཕྱག་ཕྲེང་། འདབ་པ། བརྒྱད་ཟིལ་བཅས་རྫོང་གི་འགན་ཁུར་གཙོ་བོས་རྫོང་སོ་སོའི་དབུལ་ཐར་ཕྱིར་འཐེན་ལས་ཀའི་གནས་ཚུལ་སྙན་སེང་ཞུ་བར་མ་ཟད། ད་དུང་སྤུས་ཚད་མཐོན་པོས་ལོ་འཁོར་གྱི་དམིགས་འབེན་ལས་འགན་གྲུབ་ཚུལ་སྐོར་ལ་གཏམ་བཤད་བྱས་པ་རེད།།


  • ལེ་ཚན་སྔོན་མ།:སྐབས་བཅུ་གཅིག་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་སོ་བདུན་པ་འཚོགས།
  • ལེ་ཚན་རྗེས་མ།:ཆེད་དོན་དུ་གྲོང་ཡུལ་རིམ་སྤར་དང་གྲོང་གསེབ་དར་སྤེལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་ཀར་ཞིབ་འཇུག་བྱས།
  • དོ་སྣང་ཆེ་བའི་རྩོམ།