སྐབས་བཅུ་གཅིག་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་སོ་བདུན་པ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2018-12-10


    སྤྱི་ཟླ12པའིཚེས4ཉིན་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་སྐབས་བཅུ་གཅིག་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་སོ་བདུན་པ་འཚོགས་ཏེ་ཞིང་ཆེན་ཡོངས་ཀྱི་སློབ་གསོ་ཚོགས་ཆེན་ཀྱི་སྙིང་དོན་དང་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་གི་ཏང་འཛུགས་ལས་ཀའི་བཞུགས་མོལ་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་རེད།

    ཚོགས་འདུའི་ཐོག《དུས་རབས་གསར་པའི་ཁུལ་ཡོངས་ཀྱི་སྲིད་གྲོས་ཏང་འཛུགས་ལས་ཀར་ཤུགས་སྣོན་བརྒྱག་རྒྱུའི་སྐོར་གྱི་བསམ་འཆར》དང་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ<རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྩ་གནད>ལག་བསྟར་བྱས་ཚུལ་གྱི་དུས་རིམ་དཀྱིལ་གཞུང་གི་ཚོད་དཔག་སྙན་སེང》ཞིབ་བཤེར་གཏན་འབེབས་བྱས་པ་དང་ཤར་ནུབ་རྒྱུད་ས་ཁུལ་གྱི་དབུལ་སྐྱོར་མཉམ་ལས་དང་རིགས་མཐུན་རོགས་སྐྱོར་ལས་ཀའི་ཆེད་དོན་ལྟ་སྐུལ་ཁྲིད་སྟོན་གནས་ཚུལ་བརྒྱུད་བསྒྲགས་བྱས་པས་མ་ཚད། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》སློབ་སྦྱོང་བྱས་པ་རེད།

    གྲོས་ཚོགས་ཐོག་ནན་གསུང་གནང་དོན། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཏང་འཛུགས་ལས་ཀ་ལ་ཤུགས་སྣོན་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ལས་ཀར་བླང་བྱ་གལ་ཆེ་བཏོན་པ་ཡིན་ལ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་འཕེལ་རྒྱས་གཏིང་ཟབ་གཏང་རྒྱུ་སྐུལ་འདེད་གཏོང་བའི་དགོས་མཁོ་ཡང་ཡིན། དུས་རབས་གསར་པའི་སྲིད་གྲོས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་དགོས་མཁོའང་ཡིན་པ་རེད། དེ་ནི་མི་དམངས་སྲིད་གྲོས་བྱ་གཞག་འཕེལ་རྒྱས་གཏོང་བའི་རྩ་བའི་འགན་སྲུང་ཡང་ཡིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དུས་རབས་གསར་པའི་ཏང་འཛུགས་ལས་ཀའི་བླང་བྱ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་ཀར་ཤུགས་སྣོན་དང་དག་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལྟར་རིམ་པ་ཁག་གི་སྲིད་གྲོས་ཀྱི་ཏང་ཙུའུ་ཡིས་སྲིད་གྲོས་ལས་ཀའི་ཁྲོད་ཀྱི་འགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྲིད་གྲོས་ཀྱི་ཏང་རྩ་འཛུགས་དེ་བས་ནུས་སྟོབས་ལྡན་པ་ཞིག་འཛུགས་སྐྱོང་བྱ་དགོས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་ཁོང་དུ་ཆུད་པ་བྱས་ནས་ཁུལ་ཨུའི་ཐབས་ཇུས་གལ་ཆེན་དང་གཙོ་གནད་ལས་ཀར་དམིགས་ཏེ་དྲང་གཏམ་བཤད་པ་དང་གྲོས་གཞི་ཡག་པོ་འབུལ་དགོས། ཏན་ཏིག་གིས་སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་དང་དག་བཅོས་བྱས་ནས་ཡོངས་ཁྱབ་ཏུ་སྤྱི་ཚོགས་ལས་རིགས་ཁག་ཐུན་མོང་དུ་རང་ཁུལ་གྱི་བྱ་གཞག་ཁག་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་སྟོབས་ཆེན་ཞིག་འདུས་པ་བྱ་དགོས། ཏང་གི་སྲིད་གྲོས་ལས་ཀར་འགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ཏེ་འགན་འཁྲི་དོན་འཁྱོལ་བྱས་ཤིང་། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་རྒྱུན་ཆད་མེད་པར་རང་ཁུལ་སྲིད་གྲོས་མ་ལག་གི་ཏང་འཛུགས་ལས་ཀའི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་གཏང་དགོས།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་རྒྱུའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་འགོ་ཁྲིད་ཚོ་ཆུང་གི2018ལོའི་གྲོས་ཚོགས་ཐེངས11པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།