རང་རྒྱལ་གྱི་གླིང་ཆེན་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་བྱུང་ཚུལ་སྤྱི་ཁོག་ཐོག་ཚོད་འཛིན་བྱས་ཐུབ་ཡོད།

གངས་སྐྱིད་ཀྱིས་བསྒྱུར།        2018-12-10

    ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ11པའི་ཚེས3འབྱོར་བའི་གཏམ་གསར། གོང་ཚེས་ཉིན་སླེབས་དུས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཁྱོན་བསྡོམས21ནང་སྒོ་ཕག79དང་ཕག་རྒོད2ལ་ཕག་གི་འགོས་ནད་ཕོག་པའི་གནས་ཚུལ་བྱུང་ཡོད་པ་རེད། གླིང་ཆེན་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་སྔ་བཞིན་བྱུང་དང་འབྱུང་བཞིན་ཡོད་མོད། རང་རྒྱལ་གྱིས་སྔོན་འགོག་བྱེད་པའི་ལས་ཀ་ཕན་ནུས་ལྡན་པས་སྤྱི་ཁོག་ཐོག་སྔོན་འཛིན་བྱས་ཐུབ་ནས་མིག་སྔར་གཞི་ཁྱིན་ཆེན་པོར་ཁྱབ་མེད་པ་རེད།

    གོང་སྨོས་ཀྱི་གནས་ཚུལ་ནི་གསར་འགོད་པས་སྤྱི་ཟླ11པའི་ཚེས4ཉིན་རྒྱལ་ཡོངས་སྲིད་གྲོས་ཞིང་ལས་དང་ཞིང་སྡེའི་ཨུ་ཡོན་ལྷན་ཁང་གིས་འཚོགས་པའི་གླིང་ཆེན་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་བྱུང་ཚུལ་ལ་སྔོན་འགོག་ཚོད་འཛིན་ལས་ཀ་སྤེལ་ཚུལ་བརྡ་ཁྱབ་གཏོང་བའི་གྲོས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིན་རེད། ཞིང་ལས་དང་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲེན་གྱིས་གྲོས་ཚོགས་ཐོག་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་གནང་བར་མ་ཟད། རྒྱལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་ཁ་ཤས་ཀྱིས་འབྲེལ་ཡོད་དྲི་བ་འདོན་པར་དྲིས་ལན་བཏབ་ཡོད་པ་རེད། 

    ཡུས་ཁང་ཀྲེན་གྱིས་གྲོས་ཚོགས་ཐོག་ཞིང་ལས་དང་ཞིང་སྡེ་པུའུ་ཡིས་གླིང་ཆེན་ཨ་ཧྥེ་རི་ཁའི་ཕག་པའི་འགོས་ནད་བྱུང་ཚུལ་སྔོན་འགོག་བྱེད་པར་ལྟ་སྐུལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བའི་དུས་མཚུངས་སུ། སེམས་ཐག་བཅད་ནས་བྱུང་བའི་ཕག་པའི་འགོས་ནད་ཐག་གཅོད་བྱས་ཏེ་ཁྱོན་ཡོངས་ནས་ཕག་པའི་འགོས་ནད་བྱུང་ཁོངས་ལ་ལྟ་ཞིབ་ཚད་ལེན་དང་གཙང་བཤེར་བྱས་ཏེ། ཕག་ནད་འགོས་པའི་འབྲེལ་ལམ་བཅད་ནས་ཤུགས་ཆེན་པོས་ཁྲོམ་རའི་ཐོག་ནད་ལྷད་མེད་པའི་ཕག་ཤ་འཚོང་རྒྱུ་ཡོད་པར་ཁག་ཐེག་བྱས་ཡོད་པ་རེད། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གསོན་ཕག་མགོ་གྲངས་ཁྲི63.1བསད་ཡོད། ཕག་པའི་འགོས་ནད་བྱུང་བ་ཐམས་ཅད་ཐག་གཅོད་བྱས་ཡོད་ཅེས་གསུངས་པ་རེད།།


  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་བསྡུས་ཀྱིས་ཉོས་ནས་མང་ཚོགས་ཀྱི་སྨན་རིན་དམའ་རུ་འགྲོ་རེ་ཡོད།
  • ལེ་ཚན་རྗེས་མ།:སི་ཁྲོན་དུ་རྣམ་གྲངས་གལ་ཆེན་ཁག་གཅིག་གཅིག་སྡུད་ལས་འགོ་ཚུགས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་6900ཙམ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།